ཐའེ་ལྦན་སྲིད་འཛིན་ནས་རྒྱ་ནག་གི་སྐུ་ཚབ་དང་མཇལ་འཆར།
2008.10.09
༄༅༎རྒྱ་ནག་གི་ཐའེ་ལྦན་འབྲེལ་མཐུད་ཚན་པའི་སྤྱི་ཁྱབ་ཆན་ཡུན་ལིན་ཟླ་བ་འདིའི་ཟླ་མཇུག་གམ་ཡང་ན་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཤར་ལ་ཐའེ་ལྦན་ལ་ཕེབས་ནས་ཐའེ་ལྦན་གྱི་སྲིད་འཛིན་མཆོག་གིས་དབུས་པས་འབྲེལ་ཡོད་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་འཆར་ཡོད་འདུག
ཡང་ཐའེ་ལྦན་གྱི་འབྲེལ་མཐུད་ལས་ཁུངས་ཀྱི་གཙོ་འཛིན་པི་ཀེ་ཅེང་གིས་ཕྱོགས་གཉིས་དབར་ཐད་ཀར་གནམ་གྲུ་གཏོང་རྒྱུ་དང་དེ་བཞིན་མཚོ་ཐོག་ནས་ཚོང་འབྲེལ་བྱེད་རྒྱུ་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་ལུགས་གསུངས་འདུག ལོ་འདིའི་ཕྱི་ཟླ་དྲུག་པ་ནས་བཟུང་ཐའེ་ལྦན་ནས་རྒྱ་ནག་སྐམ་ས་ཆེན་པོའི་བར་གནམ་གྲུ་ཐད་ཀར་འགྲོ་རྒྱུ་འགོ་བཙུགས་ཡོད་ཀྱང་བདུན་ཕྲག་གཅིག་ནང་ཐེངས་གསུམ་ཙམ་ལས་འགྲུལ་ཞུད་བྱེད་ཀྱི་མེད་པ་རེད། འོན་ཀྱང་རིང་མིན་གྲོས་བསྡུར་གནང་བའི་སྐབས་ཉིན་ལྟར་གནམ་གྲུ་འགྲུལ་ཞུད་བྱེད་རྒྱུའི་སྐོར་གླེང་སློང་གནང་འཆར་ཡོད་པ་རེད།
སྤྱིར་བཏང་ལོ་འདིའི་ཕྱི་ཟླ་ལྔ་པ་ནས་བཟུང་ཐའེ་ལྦན་གོ་མིང་ཏང་ཚོགས་པར་རྒྱལ་ཁ་ཐོབ་ནས་སྲིད་འཛིན་མ་དབྱིང་ཇུ་མཆོག་སྲིད་གཞུང་འཛིན་པ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་མཉམ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་སྲིད་བྱུས་འཛིན་ཡོད་པ་ལྟར་མཚོ་ཁ་གཉིས་དབར་གྱི་འབྲེལ་བ་རིམ་པས་གོང་མཐོར་གཏོང་རྒྱུའི་འཆར་གཞི་ཡང་གཏིང་བཞིན་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཚོང་འབྲེལ་དང་འགྲུལ་ཞུད་བྱེད་རྒྱུའི་གུ་ཡངས་སྲིད་བྱུས་འཛིན་རྒྱུའི་ཐབས་བྱུས་ལ་དམིགས་བསལ་གནད་འགག་ཅན་གྱི་ཆབ་སྲིད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་འཆར་མེད་པའི་གནས་ཚུལ་བཀོད་འདུག