རྒྱ་གར་གྱི་སྲིད་བློན་ཀ་ཤི་མིར་ཁུལ་དུ་འཚམས་གཟིགས།

རྒྱ་གར་གྱི་ཀ་ཤི་མིར་ཁ་བྲལ་ཤོག་ཁག་གིས་ས་ཁུལ་དུ་སྲིད་བློན་འཚམས་གཟིགས་སུ་ཕེབས་རྒྱུར་ངོ་རྒོལ་ཆེད་ལས་མཚམས་བཞག་ཡོད་པ་རེད་

2010.06.07

༄༅༎རྒྱ་གར་གྱི་ཀ་ཤི་མིར་ཁ་བྲལ་ཤོག་ཁག་གིས་ས་ཁུལ་དུ་སྲིད་བློན་མན་མོ་ཧན་སིང་མཆོག་ཉིན་གཉིས་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་དུས་སྐབས་དང་བསྡུན་ནས་རེས་གཟའ་ཟླ་བ་ཉིན་ངོ་རྒོལ་ཆེད་ལས་མཚམས་བཞག་ཡོད་པ་རེད་    

སྲིད་བློན་མན་མོ་ཧན་སིང་མཆོག་མངའ་སྡེའི་རྒྱལ་ས་ཤྲི་ན་གར་ནང་གཙུག་ལག་སློབ་གཉེར་ཁང་ཞིག་ནང་ལྷན་ཚོགས་ཤིག་ལ་བཅར་གནང་འཆར་དང་ས་ཁུལ་གྱི་སྲུང་སྐྱོབ་དང་འཛུགས་བསྐྲུན་གྱི་ལས་གཞི་ཁག་ལ་བསྐྱར་ཞིབ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་  ཀ་ཤི་མིར་ཁ་བྲལ་གྱི་ཤོག་ཁག་རྣམས་ཀྱིས་ད་ཐེངས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་ཉེ་ལམ་ཕྱི་ཟླ་༤པའི་ནང་ས་ཁུལ་གྱི་ཁ་ཆེའི་མི་༣དྲག་པོའི་དཔུང་དམག་གིས་དམར་གསོད་བཏང་བའི་གནས་ཚུལ་བྱུང་རྗེས་ཕན་ཚུན་འཁོན་འཛིན་གྱི་རྣམ་པ་ཆེན་པོ་ཡོད་པའི་དུས་སྐབས་ཤིག་འཁེལ་ཡོད་པ་རེད་

སྲོད་བློན་མཆོག་ཕེབས་འཆར་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དེར་བསྐྱོད་སའི་རྒྱ་ལམ་དེ་སྒོ་རྒྱབ་ནས་དྲག་པོའི་དཔུང་དམག་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་པ་རེད་ ད་ཐེངས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེར་ཀ་ཤི་མིར་གྱི་ས་ཁུལ་ཕལ་ཆེ་བའི་ནང་གི་ཚོང་ཁང་དང་སློབ་གྲ་གཞུང་གི་ལས་ཁུངས་ཁག་དང་དངུལ་ཁང་སོགས་སྒོ་རྒྱབ་ཡོད་པ་རེད་ ཡིན་ནའང་མངའ་སྡེའི་ལྷོ་ཕྱོགས་ཧིན་རྡུའི་ཆོས་བྱེད་མཁན་ཇ་མུའུ་མངའ་ཁུལ་ནང་མི་མང་རྣམས་རྣམ་ཀུན་བཞིན་རང་རང་སོ་སོའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད་ ཀ་ཤི་མིར་མངའ་ཁུལ་གྱི་ཁ་བྲལ་ཤོག་ཁག་གིས་མངའ་ཁུལ་དེ་རྒྱ་གར་ནས་ལོག་སུ་ཐོན་རྒྱུའི་ལས་འགུལ་དེ་ལོ་ངོ་༢༠ཙམ་སྤེལ་ཡོད་པ་དང་ལས་འགུལ་དེའི་ནང་མི་གྲངས་༤༧༠༠༠ ཡི་ཚེ་སྲོག་ཤོར་ཡོད་པ་རེད་ ཡིན་ནའང་ཕྱི་ལོ་༢༠༠༤ལོར་རྒྱ་གར་དང་པཀིསི་ཏན་བར་ཞི་མོལ་འགོ་འཛུགས་བྱུང་རྗེས་མངའ་ཁུལ་གྱི་དྲག་སྤྱོད་ཀྱི་ལས་འགུལ་དེ་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎