གསར་འགྱུར་ཡིག་ཚགས།
2013-01-10
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ནས་ཉེ་འཆར་གསར་དུ་འདེམས་ཐོན་བྱུང་བའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས་གནང་འདུག
2013-01-10
༸གོང་ས་མཆོག་གིས་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྩལ་བའི་ཉིན་བཞིའི་རིང་གི་ཆོས་འབྲེལ་མཇུག་བསྒྲིལ་དང་བསྟུན། སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་འདུག
2013-01-10
གསར་ཤོག་དང་གསར་འགོད་པའི་ཐོག གཞུང་གིས་ཐེ་ཇུས་དང་བཏང་འཛིན་ལྷོད་ཡངས་གཏོང་རྒྱུའི་ཁས་ལེན་བྱས་ཏེ། བདུན་རེའི་ལྷོ་ཕྱོགས་ཟེར་བའི་གསར་ཤོག་དང་འབྲེལ་བའི་རྕོད་རྙོག་འགྲིགས་འཇགས་བྱུང་འདུག
2013-01-10
མདོ་སྨད་དམུ་དགེ་ཕྱོཊ་སུ་བོད་མི་དོ་སྣང་ཅན་ཚོས་དགུན་ཁའི་གུང་སེང་དང་བསྟུན་ས་གནས་ཀྱི་བོད་ཕྲུག་དག་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ་བཀག་བསྡོམས་བྱས་འདུག
2013-01-09
རྒྱ་ནག་གི་འབྲེལ་བོད་ཚན་པས་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་འཛིན་བཟུང་དང་དཔེ་དེབ་བཙན་པོའི་སྙིང་སྟོབས་བཀག་བསྡོམས་ཕྱིར་བསྡུ་བྱས་འདུག
2013-01-09
དེང་སྐབས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་ཨ་མདོའི་མགྲོན་ཁང་ཁག་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་གྱིས་ཚོང་ལས་གཉེར་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག
2013-01-09
རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གནང་མྱོང་ཡོད་པ་དང་། རྒྱ་ནག་གཞུང་གིས་ནག་ཉེས་ཀྱང་བཀལ་མྱོང་བ་ཧུའུ་ཡའོ་པང་གི་འདྲ་གཟུགས་ཞིག་རྒྱ་ནག་ནང་དབུ་འབྱེད་བྱས་ཡོད་འདུག
2013-01-09
རྒྱ་ནག་གི་དཔོན་རིགས་ཡུས་ཀྲེང་ཧྲེང་བོད་དར་རྩེ་མདོར་བལྟ་སྐོར་ཡོང་ནས་བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་ཆབ་གཅིག་ཏཱ་ལའི་ཤོག་ཁག་ལ་འཐབ་རྩོད་ནུས་ཤུགས་ཆེ་རུ་བཏང་དགོས་སྐོར་བརྗོད་འདུག
2013-01-08
རྒྱ་ནག་གི་དཔོན་རིགས་ཏེ་པིན་གོ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུའི་འཆར་གཞི་ཡོད་པ་ལྟར་སྤྱི་ལོ་༢༠༡༣ལོའི་རྒྱ་གར་དང་རྒྱ་ནག་གཉིས་བར་གྲོས་མོལ་ཐོག་མ་དེ་བྱ་རྒྱུ་ཡིན་པ་རེད་འདུག
2013-01-08
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཨ་ལ་བྷ་ཏི་ནང་ཚོགས་རྒྱུའི་ཁུམ་བུ་མེ་ལྷ་ཞེས་པའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེན་མོར་ཞབས་སོར་འཁོད་སྲིད་པའི་གནས་ཚུལ་འདུག
2013-01-08
རྒྱ་ནག་གིས་ཚོགས་ཆུང་ཆེད་འཛུགས་བྱས་ནས་བོད་ནང་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་གྱི་ཐོག་དམ་དྲག་དང་། རྒོལ་རྡུང་། དེ་བཞིན་ཕྱི་ཕྱོགས་ལ་ཉེས་འཛུགས་སོགས་བྱེད་ཤུགས་ཆེ་རུ་བཏང་འདུག
2013-01-08
རྒྱ་གར་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གོ་སྒྲིག་འོག་ས་གནས་གང་སར་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་དང་། ཞུ་གཏུགས་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག
2013-01-07
༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོས་རང་ལུས་མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་རྩད་ཞིབ་མཐར་ཕྱིན་པ་བྱེད་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུག
2013-01-07
༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ་གནང་འདུག
2013-01-07
རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་མདོ་སྨད་ཆབ་ཆ་ཁུལ་ནས་འཛིན་བཟུང་བྱས་བའི་དགེ་འདུན་པ་གསུམ་པོ་འཕྲལ་དུ་གློད་དཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག