༸གོང་ས་མཆོག་ལ་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱ་དགོས།

ནོ་བེལ་ཞི་བདེའི་གཟེངས་རྟཌ་བཞེས་མྱོང་མཁན་ཚོས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུ་རྒྱུ་མཚམས་འཇོག་དགོས་པའི་ཡི་གེ།

༄༅༎ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་ཕེ་རི་ཀའི་སྙན་གྲགས་ཅན་གྱི་ཆོས་དཔོན་སྐུ་ཞབས་ཌེ་སེ་མེན་ཀྲུ་ཀྲུ་ཡིས་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱ་དགོས་པའི་ཡོངས་ཁྱབ་ཀྱི་ཡི་གེ་ཞིག་འགྲོ་བ་མིའི་ཐོབ་ཐང་གི་དྲ་རྒྱ་ཞིག་བརྒྱུད་ནས་ཕྱིར་བསྒྲགས་གནང་ཡོད་པ་དང་ཡོངས་ཁྱབ་ཡི་གེ་དེའི་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཨ་རིའི་སྙན་གྲགས་ཅན་གྱི་ཧོ་ལི་ལྦུ་ཌི་གློག་བརྙན་འཁྲབ་མཁན་སོགས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་མི་སྣ་ཚོས་ས་རྟགས་འཁོད་པའི་རྣམ་པའི་ཐོག་ནས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རྒྱུ་མཚམས་འཇོག་དགོས་པ་དང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དཔོན་རིགས་དབར་གྱི་གྲོས་མོལ་སླར་གསོ་དགོས་པ།བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐུགས་ཚབས་ཆེན་པོ་ཡོད་པ་དང་བོད་ནང་གི་གནས་སྟངས་དངོས་ཤེས་རྟོག་ཐུབ་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་གནང་མཁན་གྱི་མི་སྣ་ཚོས་སྣེ་ཁྲིད་ནས་བོད་ནང་ཕེབས་རྒྱུར་གདན་ཞུ་གནང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད་ཅིང་ཡོངས་ཁྱབ་ཡི་གེ་དེ་བཞིན་ཕྱི་ཚེས་བཅུ་གསུམ་ཉིན་དྲ་རྒྱ་བརྒྱུད་ཕྱིར་བསྒྲགས་གནང་ཡོད་པ་དང་ད་བར་དེའི་ཐོག་ས་རྟགས་འཁོད་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་བྱུང་ཡོད་པའི་ཁར་ཧོ་ལི་ལྦུ་ཌིའི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་གནང་མཁན་མི་གྲངས་བཞི་ཅུ་ལྷག་ཙམ་གྱི་མཚན་རྟགས་སྐྱོན་ཟིན་པ་དང་ཡོངས་ཁྱབ་ཡི་གེ་དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་འབུལ་རྒྱུ་ཡིན་པ་ལས་འགུལ་དེ་སྤེལ་མཁན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org