དབྱིན་ཡུལ་ལ་རྒྱལ་ཁབ་མེད་པའི་མི་སྣའི་གསོལ་སྟོན་བཤམས་པ།
རྒྱ་ནག་གི་སྲིད་འཛིན་གྱི་གཟིཊ་སྐོར་སྐབས་མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་སྲུང་སྐྱོབ་དགོས་པའི་སྐུལ་འདེད་ནན་པོ་ཞུས་གནང་འདུག
-
2015-10-19 -
-
-
རྒྱ་ནག་གི་སྲིད་འཛིན་གྱི་གཟིཊ་སྐོར་སྐབས་མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་སྲུང་སྐྱོབ་དགོས་པའི་སྐུལ་འདེད་ནན་པོ་ཞུས་གནང་འདུག
དེ་ཡང་སང་ཉིན་ཕྱི་ཚེས་༢༠ཉིན་དབྱིན་ཇིའི་རྒྱལ་མོ་Elizabethདང་། སྲིད་བློན་David Cameronརྣམ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་(Xi Jinping)ལ་གཞུང་འབྲེལ་གསོལ་སྟོན་འབུལ་བཤམས་གནང་རྒྱུ་ཡིན་པའི་སྔ་ནུབ་ཏུ། དེ་རིང་ཚེས༡༩ཉིན་ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamiltonགྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་གནང་མཁན་གྱི་བོད་པ་དང༌། ཤར་ཏུར་ཀིས་ཐན། རྒྱ་ནག་བཅས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག་ལ་རྒྱལ་ཁབ་མེད་པའི་མི་སྣའི་གསོལ་སྟོན་ཟེར་བ་ཞིག་གོ་བསྒྲིགས་གནང་གི་ཡོད་འདུག
དེ་རིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ཐུན་མོང་གི་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Fabian Hamiltonགྱིས་གོ་བསྒྲིགས་གནང་བའི་རྒྱལ་ཁབ་མེད་པའི་མི་སྣའི་གསོལ་སྟོན་ཟེར་བ་དེ་བཞིན་ཡུལ་དེའི་གྲོས་ཚོགས་ཀྱི་ཁང་པ་ཞིག་ནང་བཤམས་རྒྱུ་ཡིན་པ་དང༌། གསོལ་སྟོན་དེའི་ཐོག་བོད་མིའི་སྐུ་ཚབ་Tash Despaདང༌། ཤར་ཏུར་ཀིས་ཐན་གྱི་སྐུ་ཚབ་Rahime Mahmut རྒྱ་ནག་གི་སྐུ་ཚབ་Dr. Shao Jiang དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ David Mepham དེ་བཞིན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Fabian Hamiltonབཅས་ཕེབས་ནས་གསུངས་བཤད་གནང་རྒྱུ་ཡིན་པའི་ནང་དོན་གཙོ་བོར། ད་ལམ་རྒྱ་ནག་གི་སྲིད་འཛིན་དབྱིན་ཡུལ་དུ་རྒྱལ་དོན་འཚམས་གཟིགས་གནང་བཞིན་པའི་སྐབས་འདིར་ཁོང་གི་མཉམ་དབྱིན་ཇིའི་སྲིད་བློན་David Cameron གྱིས་ཚོང་གི་ཁེ་ཕན་གཅིག་པུའི་དགོངས་པ་མ་བཞེས་པར། རྒྱ་ནག་སྤྱི་དང་ལྷག་པར་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་། ཤར་ཏུར་ཀིས་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལའང་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་གཏམ་བཤད་གནང་རྒྱུ་ཡིན་པ་བཀོད་འདུག
དེ་བཞིན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་བཅུ་དྲུག་གིས་སྲིད་བློན་ཀེ་མི་རོན་(Cameron) མཆོག་ལ་སྙན་ཞུ་ཞིག་ཕུལ་ནས་རྒྱ་ནག་གི་སྲིད་འཛིན་གྱི་གཟིཌ་སྐོར་སྐབས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་མང་རང་དབང་། ཁྲིམས་ལུགས་གཙོས་པའི་དེང་དུས་ཀྱི་མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་སྲུང་སྐྱོབ་དགོས་པའི་སྐུལ་འདེད་ནན་པོ་ཞུས་གནང་འདུག
སྙན་ཞུའི་ནང་། དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོཌ་གཙོ་ཕ་བྭིའན་ ཧ་མིལྚོན་(Fabian Hamilton)དང་། གྲོས་ཚོཌ་ཀྱི་ཚོཌ་མི་བཅོ་ལྔས་སྲིད་འཛིན་ཞེ་ཆིན་ཕེན་གྱི་གཞུང་གིས་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དེ་ངོས་ལེན་བྱེད་ཐབས་མེད་པ་དང་། ཞི་བའི་མི་མང་ལ་སྟངས་འཛིན་དམ་བསྒྲཊ་བྱེད་བཞིན་པ་དེ་བཟོད་ཐབས་མེད་པ་དང་། གཞུང་དང་ལྟ་སྤྱོད་མི་མཚུངས་པའི་ཞི་བའི་མི་མང་ལ་ཉེས་ཆད་གཏོང་བཞིན་པ་དེ་དག་བཅོས་བྱེད་ཐབས་མེད་པ་རེད་ཅེས་འཁོད་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ་དང་ཀརྨ་རྒྱ་མཚོ།