བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་ལེན།

སི་པེན་ཁྲིམས་ཁང་གིས་བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཁྲིམས་ཐོག་ནས་ངོས་ལེན་བྱས་པའི་སྐོར་གནས་ཚུལ་སྤེལ་འདུག

2011.04.06

༄༅༎སི་པེན་ཁྲིམས་ཁང་གིས་བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཁྲིམས་ཐོག་ནས་ངོས་ལེན་བྱས་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

ཡོ་རོབ་རྒྱལ་ཁབ་སི་པེན་དུ་འཛམ་གླིང་ནང་གི་ནག་ཉེས་ཅན་ཁྲིམས་གཏུགས་བྱེད་ཡུལ་རྒྱལ་ཡོངས་ཁྲིམས་ཁང་དུ་རྒྱ་ནག་གཞུང་གིས་བོད་ནང་བོད་མི་དམར་གསོད་དང་སྡུག་སྦྱོང་བཏང་བའི་གནས་ཚུལ་ཁག་གཉིས་བོད་དོན་ཚོགས་པ་དང་བོད་ཁང་ཟུང་འབྲེལ་གྱིས་ཁྲིམས་གཏུགས་གནང་ཡོད་པ་དང་ ད་བར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་སི་པན་གཞུང་བརྒྱུད་ཁྲིམས་ཁང་དེ་དག་ལ་གྱོད་དོན་ཐོག་ཁྲིམས་ཁང་གིས་ཁ་ཡ་བྱ་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་ཀྱང་ ཁྲིམས་གཏུགས་ཁག་གཉིས་ནས་ཁྲིམས་གཏུགས་དང་པོ་དེ་ནག་བསུབ་ཏུ་ཕྱིན་མེད་པ་དང་ ཡིན་ནའི་ཁྲིམས་གཏུགས་གཉིས་པ་དེ་ཕྱི་ལོ་༢༠༠༦ནས་༢༠༠༧བར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་སྡུག་སྦྱོང་བཏང་བ་མ་ཟད་ བོད་མི་དམར་གསོད་བཏང་བའི་གནད་དོན་ཞིག་གི་ཁྲིམས་གཏུགས་ཤིག་ལ་བརྟག་དཔྱད་བྱས་རྗེས་གནས་སྐབས་ཕྱིར་བསྡུ་བྱས་ཡོད་ཀྱང་ གྱོད་གཞི་དང་པོའི་ཐོག་ཕྱི་ཟླ་གསུམ་པའི་ཚེས་30ཉིན་སི་པན་རྒྱལ་ཡོངས་ཁྲིམས་ཁང་ཨང་གཉིས་པའི་ངོས་ནས་ཕྱི་ལོ་༡༩༤༩ཕྱི་ཟླ་བརྒྱད་པའི་ཚེས་༡༢ནང་འཁོད་པའི་ཇི་ནི་ཝའི་དམ་ཡིག་གྲོས་དོན་དང་སི་པན་ནག་ཉེས་ཁྲིམས་གཞིའི་གྲོས་དོན་དོན་ཚན་༦༠༨དང་ ༦༡༡.༥འི་ནང་དོན་རྡོག་རོལ་ཚབས་ཆེ་བཏང་བ་བརྗོད་ནས་ བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཁྲིམས་ཐོག་ནས་ངོས་ལེན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎