རྔ་བ་ནས་བློ་བཟང་ཚེ་རིང་གིས་ཞི་རྒོལ་རྗེས་ཉེན་རྟོག་པས་འཇུ་བཟུང་།
མདོ་སྨད་རྔ་བ་ནས་དགེ་འདུན་པ་ཞིག་གིས་ཞི་འབོད་གོམ་བགྲོད་བྱས་རྗེས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
-
2016-06-07 -
-
-
Your browser doesn’t support HTML5 audio
མདོ་སྨད་རྔ་བ་ནས་དགེ་འདུན་པ་ཞིག་གིས་ཞི་འབོད་གོམ་བགྲོད་བྱས་རྗེས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༧་སྟེ་གཟའ་མིག་དམར་ཉིན། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས་རྔ་བ་རྫོང་ཐོག་གི་ཁྲོམ་གཞུང་ནས་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་པར་ཞིག་འཁྱེར་ནས་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཞེས་སྐད་འབོད་རྒྱག་བཞིན་ཞི་བའི་ལམ་ནས་ངོ་རྒོལ་གོམ་བགྲོད་བྱས་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་དོ་དམ་བྱས་ཡོད་པར་ད་ལྟའི་ཆར་ཁོང་གར་ཡོད་ཤེས་རྟོག་མེད་པར་གྱུར་ཡོད་པ་རེད།
ཡང་དེའི་ཐད་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། ཁོང་ནི་རང་ལོ་༢༠་ཙམ་དང་ལྷ་སྡེ་འགབ་མའི་ཕ་ཤེས་རབ་དང་། མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ཞིང་། རྔ་བ་ཀིརྟི་དགོན་གྱི་གྲྭ་ཚང་བཞིའི་ཡ་གྱལ་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཡིན་འདུག
གསར་འགོད་པ་ཀླུ་འབུམ་དང་རིག་འཛིན་ཆོས་སྒྲོན།