སྲིད་སྐྱོང་མཆོག་ལྡི་ལི་དང་ཉི་ཧོང་ལ་ཕེབས་རྒྱུ་ཡིན་པ།

བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཉི་ཧོང་ལ་གཞུང་འབྲེལ་ཕྱོཊ་བསྐྱོད་གནང་གཏན་འཁེལ་ཡོད་པ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༩།༥ འཇིགས་མེད་སྙན་གྲགས/RFA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སང་ཉིན་ཕྱི་ཚེས་༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་༦་ནས་བདུན་བར་རྒྱ་གར་Kripalaniདྲན་རྟེན་ཐེབས་རྩས་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མ་ཟད། སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་Acharya Kripalani་མཆོག་གི་དྲན་རྟེན་གསུང་བཤད་གནང་རྒྱུ་དང་། དེ་བཞིན་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་། མཚན་གནད་ཆེ་བའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཚེས་༨་ནས་༡༣་བར་ཉི་ཧོང་དུ་ཕེབས་འབྱོར་གྱིས་དུས་ཡུན་དེའི་ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་ཉི་ཧོང་གི་རྒྱལ་ས་Tokyoནང་ཡོད་པའི་གྲགས་ཆེ་བའི་ཉམས་ཞིབ་ལྟེ་གནས་ཁང་ནང་འཚམས་གཟིགས་གནང་རྒྱུ་མ་ཟད། གསུང་བཤད་ཡང་གནང་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཚེས་༡༤་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org