སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་སྐབས། ༠༧།༢༩།༢༠༢༤ X/@SikyongPTsering

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་འདུག
དེ་ཡང་ཕྱི་ཟླ་༧ཚེས་༢༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནིའུ་ཡོག་མངའ་སྡེ་སྟོད་རྒྱུད་ཀྱི་བཞུགས་གནས་སཡེ་ར་ཁསི་(Syracuse)་རུ་ཆེད་བཅར་གྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། མཇལ་བཅར་རྗེས་སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་པ་དང་མཉམ་ངོ་དེབ་སོགས་སྤྱི་ཚོགས་དྲྭ་བར་མཇལ་བཅར་གྱི་སྐུ་པར་འགྲེམས་སྤེལ་གནང་འདུག
དེའི་སྔོན་ཚེས་༢༥ཉིན་སྲིད་སྐྱོང་མཆོག་ཨ་མི་རི་ཀའི་གྲོས་ཚོགས་ནང་དངོས་སུ་ཕེབས་ནས་ཨ་རིའི་རྒྱལ་སར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་འབྲེལ་གྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་དངོས་སུ་ཁྲིམས་ཡིག་ལ་གཏན་འབེབས་བྱུང་བར་དགའ་བསུ་དང་། བོད་དོན་ཁྲིམས་ཡིག་དེར་རྒྱབ་སྐྱོར་གནང་མཁན་དང་སྐུ་ལས་བསྐྱོན་མཁན་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།


གསར་འགོད་པ། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org