སྲིད་སྐྱོང་མཆོག་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཆེད་ལྡི་ལིར་ཕེབས་འཆར།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཆེད་ལྡི་ལིར་ཕེབས་འཆར་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། Reuters

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཆེད་ལྡི་ལིར་ཕེབས་འཆར་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༥ ་ཚེས་༢༧་ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་འཁུར་བཞེས་རྗེས་ཀྱི་ཕྱོགས་བསྐྱོད་ཐོག་མ་དེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནང་གཏན་འཁེལ་འདུག་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༦ ་ཚེས་ ༢༡ ་དང་ ༢༢་སོ་སོར་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་གཙོས་ཆེས་མཐོའི་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་རྒྱུ་དེ་ནི་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འཁུར་བཞེས་པའི་རྗེས་ཀྱི་ཕྱི་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོང་མཆོག་ཕྱི་ཟླ་ ༦་ཚེས་ ༢༠་ཐམ་པའི་ཉིན་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས། ཕྱི་ཚེས་༢༣ ་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org