སྲིད་སྐྱོང་མཆོག་གིས་ཌེན་མརཀ་གི་ཕྱི་སྲིད་ལྷན་ཁང་གི་མི་སྣ་དང་གྲོས་ཚོགས་འཐུས་མི་བཅས་དང་བོད་དོན་མཇལ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཌེན་མརཀ་ནང་འཚམས་གཟིགས་ཀྱིས་ཡུལ་དེའི་ཕྱི་སྲིད་ལྷན་ཁང་གི་མི་སྣ་དང་གྲོས་ཚོགས་འཐུས་མི་བཅས་དང་བོད་དོན་མཇལ་མོལ་གནང་འདུག
- 2023-05-04
-
-
-
Your browser doesn’t support HTML5 audio
དེང་སྐབས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་གཟིགས་སྐོར་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནོར་ཝེ་རྒྱལ་ཁབ་ནང་གི་མཛད་རིམ་ཁག་འགྲུབ་ནས། ཟླ་བ་འདིའི་ཚེས་༢ཉིན་གྱི་ཕྱི་དྲོ་ ཌེན་མརཀ་ ་(Denmark)་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་འབྱོར་ནས་ཡུལ་དེའི་ནང་འཚམས་གཟིགས་གནང་བཞིན་ཡོད་པ་དང་། ཚེས་ ༤ཌེན་མག་གྲོས་ཚོགས་སུ་ ཌེན་མརཀ་ ་གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Kim Valentin)་ལགས་དང་མཇལ་མོལ་གནང་བ་དང་། སྤྱི་ཚེས་༣ཉིན་ ཌེན་མརཀ་ ་གི་ཕྱི་སྲིད་ལྷན་ཁང་ལ་ཕེབས་ནས་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་དང་བོད་དོན་མཇལ་མོལ་གནང་ཡོད་པས། དེ་ནི་ ཌེན་མརཀ་ དང་བོད་བར་གྱི་འབྲེལ་ལམ་གོམ་གང་མདུན་དུ་བསྐྱོད་པར་ངོས་འཛིན་བྱེད་ཆོག་པ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་བཞིན་ཚེས་༤ཉིན་སྲིད་སྐྱོང་མཆོག་གིས་ཌེན་མག་གི་རྒྱལ་སར་ཡོད་པའི་བྱང་ཡོ་རོབ་ཚན་རྩལ་དང་མང་གཙོ་ཁང་གི་(Nordic Think Tank for Tech and Democracy)་འགན་འཛིན་སྐུ་ཞབས་(Tobias Bornakke)་ལགས་དང་མཇལ་མོལ་གནང་ནས། རྒྱ་ནག་གིས་ཁྱབ་སྤེལ་བྱེད་བཞིན་པའི་གནས་ཚུལ་རྫུན་མ་འགོག་ཐབས་སོགས་ཀྱི་ཐད་གོ་བསྡིར་གནང་ཡོད་པ་རེད། ཚོགས་པ་དེ་བཞིན་ ཌེན་མརཀ་ རིག་གཞུང་ལྷན་ཁང་གིས་ཐོག་མར་གསར་འཛུགས་གནང་ཞིང་། ར་ཤེ་ཡས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པ་འགོག་ཐབས་ཞིབ་འཇུག་བྱེད་བཞིན་ཡོད་འདུག
ད་དུང་ཚེས་༤་ཉིན་ ཌེན་མརཀ་ ་གི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Danish Institute for Human Rights)་དུ་ཕེབས་ནས་དེ་གའི་འཛིན་སྐྱོང་འགན་འཛིན་ལྕམ་(Louise Holck)་ལགས་དང་། རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་ལྕམ་(Mette Thygesen)་ལགས་བཅས་དང་མཇལ་མོལ་གནང་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་བསྒྱུར་སློབ་གསོ་སྤེལ་སའི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་སོགས་བོད་ནང་གི་གསན་སྟངས་ཁག་ངོ་སྤྲོད་གནང་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།