རྒྱ་ནག་ཧྲན་ཞིས་ལ་དཔོན་རིཊ་ཀྱི་ས་དམིཊ་སྟོང་པ་མང་པོ་ལྷག་འདུག
ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཁྲོད་ཧྲན་ཞིས་ཞིང་ཆེན་ནང་དཔོན་རིགས་ཀྱི་ས་དམིགས་༣༠༠ཙམ་སྟོང་པར་གྱུར་ཡོད་པ་རེད།
-
2015-03-24 -
-
-
ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཁྲོད་ཧྲན་ཞིས་ཞིང་ཆེན་ནང་དཔོན་རིགས་ཀྱི་ས་དམིགས་༣༠༠ཙམ་སྟོང་པར་གྱུར་ཡོད་པ་རེད།
དེ་ཡང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་Xi Jinpingགྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ཁྲོད་རྡོ་སོལ་གྱིས་ཕྱུག་པའི་ཧྲན་ཞི་Shanxiཞིང་ཆེན་དེ་ནི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ལས་འགུལ་གྱི་སྔོན་བསྐྱོད་ཅན་ཞིག་ཡིན་ཞིང་། རྒྱ་ནག་གི་སྲིད་བློན་གཞོན་པ་Ma Kaiཡིས། ཟླ་བ་འདིའི་འགོ་སྟོད་དུ་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་ནི་ཚབས་ཆེའི་འབྲས་ནད་ཀྱི་ན་ཚ་ལྟ་བུའི་དཀའ་ངལ་ཞིག་ཏུ་གྱུར་ཡོད་པའི་སྐོར་བཤད་ཡོད་པ་རེད། སྲིད་འཛིན་Xi Jinpingགྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ནང་སྲིད་འཛིན་ཟུར་པ་Hu Jintaoཡིས་དེ་སྔོན་རྒྱ་ནག་གི་སྲིད་དབང་འཛིན་པའི་སྐབས་དྲུང་ཡིག་གི་འགན་འཁུར་མཁན་Shanxiཞིང་ཆེན་གྱི་ཆེས་མཐོའི་དཔོན་རིགས་Ling Jihuaཡང་རྡུང་རྡེག་ཕོག་ཡོད་པ་རེད།
Shanxiཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་གཙོ་Wang Rulinགྱིས། ཁོང་གི་ཞིང་ཆེན་དེའི་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ནང་། དཔོན་རིགས་སོགས་ཀྱི་གོ་གནས་གནས་དབྱུངས་བཏང་བའི་ཁོངས་སུ། གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གསུམ་དང་། ས་གནས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་༡༦དེ་བཞིན་ས་གནས་འགོ་ཁྲིད་༡༣ ཀྱི་ས་དམིགས་སྟོང་པར་ལྷག་ཡོད་པ་གཙོས་ཞིང་ཆེན་དེའི་ནང་ཞིང་ཆེན་རིམ་པའི་གཞུང་གི་ལས་གནས་སུ་ཧ་ལམ་ས་དམིགས་སྟོང་པ་༣༠༠ཙམ་ཡོད་པ་ཤིན་ཧཱ་གསར་ལས་ཁང་ལ་བཤད་ཡོད་པ་རེད།་
གནས་ཚུལ་ནང་། Shanxiཞིང་ཆེན་གྱིས་༢༠༡༤ལོ་ཁོ་ནར་ཞིང་ཆེན་གྱི་མཐོ་རིམ་དཔོན་རིགས་བདུན་གཙོས་པའི་ཁྱོན་དཔོན་རིགས་ཆིག་ཁྲི་ལྔ་སྟོང་ལྷག་ལ་ལྐོག་ཟ་རུལ་སུངས་དང་། ལྐོག་ངན་ལེན་པའི་བྱ་སྤྱོད་ལ་ཉེས་ཆད་བཏང་ཡོད་པའི་སྐོར་བཀོད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།