རྒྱ་ནག་ལྷོ་ནུབ་ཁུལ་དུ་ས་ཡོམ་འགའ་ཤས་རྒྱབ་པ།

རེས་གཟའ་ཉི་མ་གཉིས་ལ་རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་ཁུལ་དུ་ས་ཡོམ་ཤུགས་ཚད་ཆུང་ངུ་རིམ་པ་འགའ་ཤས་ཤིག་རྒྱབ་ཡོད་པའི་སྐོར།

༄༅༎ཁ་ས་རེས་གཟའ་སྤེན་པ་དང་དེ་རིང་རེས་གཟའ་ཉི་མ་གཉིས་ལ་རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་ཁུལ་དུ་ས་ཡོམ་ཤུགས་ཚད་ཆུང་ངུ་རིམ་པ་འགའ་ཤས་ཤིག་རྒྱབ་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཡུན་ནན་ས་གནས་གཞུང་གིས། རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་༥དང་སྐར་མ་༣༡ཐོག་ལ་ཡུན་ནན་ཁུལ་དུ་ས་ཡོམ་འགུལ་ཚད་༤དང་གྲངས་ཆུང་༦རྒྱབ་པའི་གནས་ཚུལ་གསལ་བསྒྲགས་བྱས་པའི་རྗེས། དེ་རིང་རྒྱ་ནག་གི་ས་ཡོམ་རྟོག་ཞིབ་ལས་ཁང་གིས། དེ་རིང་སྔ་དྲོ་ཚོུད་བདུན་དང་སྐར་མ་༣༣ཐོག་མུ་མཐུད་ཡུན་ནན་ཞིང་ཆེན་གྱི་ཡིང་ཅིང་རྫོངས་ཁུལ་དུ་ས་ཡོམ་འགུལ་ཚད་༤དང་གྲངས་ཆུང་༨བརྒྱབ་པ་དང་དེ་རྗེས་སྐར་མ་བཅུ་གྲངས་ཤིག་ཕྱིན་མ་ཐག་པའི་ཚོུད་༧དང་སྐར་མ་༤༤ཐོག་བསྐྱར་དུ་ས་གནས་དེ་གེའི་ནང་ས་ཡོམ་འགུལ་ཚད་༣དང་གྲངས་ཆུང་༤ཤུགས་ཆུང་ཙམ་ཞིག་རྒྱབ་ཏེ། སྡོད་ཁྱིམ་གྱི་རྩིགས་པ་སེར་ཁ་གས་པའི་གནས་ཚུལ་བྱུང་བ་ལས་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org