བོད་ནང་མཎྜལ་དཀྱིལ་འཁོར་ཞེས་བའི་ཟ་ཁང་བཙུཊ་པར་རོཊ་རམ།
2016.03.09
དེ་ཡང་(Rotary club of Ojai)ཞེས་པའི་བོད་ལ་རོགས་སྐྱོར་ཐེབས་རྩའི་ཚོགས་པ་དེས། བོད་ཀྱི་ཐེབས་རྩ་ཚོགས་པར་རོགས་པ་བྱས་ཏེ་བོད་ནང་མཎྜལ་དཀྱིལ་འཁོར་(Mandala)་ཟ་ཁང་ཞེས་པ་གསར་བཙུགས་བྱས་པའི་ལས་གཞི་དེར་རོགས་རམ་གནང་ཡོད་པ་རེད།
ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་ཟ་ཁང་དང་བོད་ཀྱི་ཐོུང་མ་ཡིན་པའི་རོལ་དབྱངས། སྒྱུ་རྩལ་རི་མོ་སོགས་ཀྱི་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུར་རོགས་རམ་གཙོ་བོ་གནང་རྒྱུའི་འཆར་གཞི་ཡོད་པ་ཞིག་རེད།
བོད་ཀྱི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་རྡོ་རྗེ་ཚེ་དབང་ལགས་ནི་བོད་ནང་སྐྱེས་ནས་འཚར་ལོངས་བྱུང་རྗེས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཡོད་པ་དང་། རྗེས་སུ་ཁོང་དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོ་ལགས་གཉིས་ཨ་མི་རི་ཁའི་ནང་ཐེངས་མང་སླེབས་པའི་རྗེས་བོད་ནང་སྨན་བཅོས་ཁང་དང་། ཆུའི་མཐུན་རྐྱེན། ཉི་འོད་ཀྱི་མེ་ཐབས་སོགས་བོད་ནང་དཀའ་ངལ་ཡོད་སར་རོགས་རམ་བྱེད་པའི་ལས་གཞི་སྣེ་མང་ཆེད་འཛུགས་གནང་ཡོད་པ་དང་ཕྱོགས་མཚུངས་Rotary club of Ojai་གིས་ཀྱང་ཁོང་གཉིས་ཀྱི་ལས་གཞི་དེ་ཚོར་རྒྱབ་སྐྱོར་གནང་ཡོད་པའི་སྐོར་ཚོགས་པ་དེའི་ཚོགས་མི་Nathan kaehlerཡིས་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།