རྒྱ་ནག་གཞུང་གིས་བོད་མི་སྲོག་ཐོག་བཏང་བར་སྐྱོན་བརྗོད།

ཨི་ཊ་ལིའི་རྒྱལ་ས་རཱོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་བོད་ནང་སྲོག་ཐོག་བཏང་བའི་གནད་དོན་ལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་འདུག

༄༅༎ཨི་ཊ་ལིའི་རྒྱལ་ས་རཱོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་བོད་ནང་སྲོག་ཐོག་བཏང་བའི་གནད་དོན་ལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་འདུག

དེ་ཡང་རྒྱལ་ས་རཱོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་ཨ་ལེ་མ་ནོ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ཉེ་ཆར་ཚེས་ཉི་ཤུའི་ཉིན་བོད་ནང་བོད་མི་བཞི་སྲོག་ཐོག་བཏང་བའི་གནས་ཚུལ་ང་ཚོས་ཤེས་རྟོག་བྱུང་ལ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ཨི་ཊ་ལིའི་རྒྱལ་ཁབ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ནང་རྒྱུན་གཏན་ནས་སྲོག་ཐོག་གི་ཉེས་ཆད་རྩ་བ་ནས་མེད་པ་བཟོ་རྒྱུར་གནོན་ཤུགས་སྤྲོད་མཁན་ཞིག་ཀྱང་ཡིན་པ་དང་མང་ཚོགས་ནས་ཀྱང་སྤྱི་མང་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་གི་ཡོད་པ་ལྟར་ད་རེས་ང་ཚོས་ཨི་ཊ་ལིའི་མི་མང་ཚང་མའི་ཚབ་ཞུས་ཏེ་ཨི་ཊ་ལིའི་གཞུང་ལ་བོད་མི་སྲོག་ཐོག་བཏང་བའི་གནད་དོན་དེར་རྒྱ་ནག་གཞུང་མཐའ་ཅིག་ཏུ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

དེ་དང་ཕྱོགས་མཚུངས་ཁོང་གིས་ཨི་ཊ་ལིའི་གཞུང་གི་ངོས་ནས་རྒྱ་ནག་མཉམ་གྲོས་མོལ་གནང་བའི་བརྒྱུད་རིམ་ནང་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གི་ས་ཁུལ་བདག་དབང་གི་གནད་དོན་གཞི་ལ་བཞག་པའི་ཐོག་ནས་གླེང་སློང་གནང་དགོས་པའི་སྐོར་གསུངས་ནས་གང་ལྟར་རྒྱ་ནག་གཞུང་ནས་བོད་མི་སྲོག་ཐོག་བཏང་བར་སྐྱོན་བརྗོད་ཀྱི་རྣམ་འགྱུར་ཤུགས་ཆེ་བསྟེན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org