འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་གཞུང་ལ་སྐྱོན་བརྗོད།
རྒྱལ་སྤྱིའི་ཚོགས་པས་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་བལྟ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་འདུག
-
2012-01-29 -
-
-
༄༅༎ཨ་མེ་རི་ཁའི་གྲོང་ཁྱེར་ནིའུ་ཡོིག་དང་ཧོང་ཀོང་སོགས་ཀྱི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་བལྟ་སྤྱོད་ལ་སྐྱོན་འཛུགས་གནང་མཁན་ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེ།
ཤེ་རོན་ཧོམ་ཡིས་གསུང་བར་ཉེ་བའི་བོད་ནང་བོད་མི་ཚོས་རང་གི་ཐོབ་ཐང་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་དགོས་འདུན་བཏོན་པའམ་དེ་བཞིན་རྒྱ་ནག་དམངས་གཙོ་དོན་གཉེར་ཅན་དང་སྤྱི་ཚོགས་ཐོག་དྲང་བདེན་གྱི་སྲིད་བྱུས་ལག་ལེན་མེད་པའི་གནས་སྟངས་སོགས་པར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དེར་དྲག་གནོན་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་རེད། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོིན་ཤུགས་ཆེན་བྱས་རྐྱེན་ཞི་བའི་བོད་མི་མང་པོ་འཆི་རྨས་སུ་གྱུར་བའི་གནད་དོན་སོགས་པར་ཐུགས་ཚབས་ཅི་ཆེ་ཡོད་ལུགས་དང་གནས་ཚུལ་དེ་ཚོི་ཡོང་རྐྱེན་རྩ་བ་ཇི་ཡིན་རྒྱ་ནག་གཞུང་གིས་གསལ་པོ་ཞིག་བཟོ་དགོས་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་སྤྱི་ལོ་༢༠༡༡་སྤྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མིའི་རང་དབང་ཆེད་དུ་བོད་མི་སྐྱ་སེར་༡༧གྱིས་རང་གི་ལུས་པོ་མེ་བསྲེག་བཏང་ནས་བོད་མིའི་ཐོབ་ཐང་བརྩོན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐོར་དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཙན་བཟུང་བྱས་པར་ངོ་རྒོལ་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་བའི་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་སྲུང་དམག་གིས་བོད་མིའི་ཐོག་མེ་མདའ་བརྒྱབ་སྟེ་བོད་མི་སྲོག་སྐྱོན་དང་རྨས་སྐྱོན། བོད་མིར་ཉེས་བརྡུང་ཚད་ལས་འགལ་བ་བཏང་བ་སོགས་ཀྱི་གནས་སྟངས་དེ་ཚོར་སྐྱོན་འཛུགས་དང་ཐུགས་ཚབས་ཡོད་ལུགས་འགྲེལ་བརྗོད་གནང་བཞག།