རེ་ཆརདྲ་གིཡར་ཡིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ།

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆརདྲ་གིཡར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་བ།

༄༅།།ཨ་མི་རི་ཀའི་ཧོ་ལི་ལྦུདྲ་གློག་བརྙན་འཁྲབ་སྟོན་པ་རི་ཆརདྲ་གིཡར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་བཞག།
གངས་སྐྱིད་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་རྣམ་པ་ཚོ་འདུ་འཛོམས་གནང་བའི་དབུས་ བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆརདྲ་གིཡར་ནི་འཁྲུངས་ས་ཨ་རི་ཡིན་རུང༌། ནང་སེམས་དེ་བོད་པ་འཁྲུལ་མེད་ཡིན་པའི་བསྔགས་བརྗོད་དང་འབྲེལ། རི་ཆརདྲ་གིཡར་ཡིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ། རང་ཉིད་ཀྱི་གློག་བརྙན་འཁྲབ་སྟོན་གྱི་མདུན་ལམ་ལ་གནོད་སྐྱོན་བྱུང་ཡོད་པ་ཡོངས་གྲགས་ཡིན་སྟབས། བོད་མི་ཚོས་ཁོང་གི་བཀྲིན་བརྗེད་ཐབས་མེད་སྐོར་གསུངས་བཞག།དེ་རྗེས་སྐུ་ཞབས་རི་ཆརདྲ་གིཡར་ཡིས་ཐོག་མར་ཁོང་བོད་དོན་ལ་དོ་སྣང་བྱུང་ཚུལ་སྐོར་འགྲེལ་བརྗོད་གནང་སྐབས། ༡༩༧༠ལོར་ཁོང་བདེ་སྐྱིད་འཚོལ་ཐབས་གནང་བཞིན་པའི་སྐབས་་བལ་ཡུལ་རྒྱལ་ས་ཀཐ་མན་དྲུར་བོད་མི་གནས་སྡོད་བྱ་ཡུལ་དུ་ཕེབས་ནས་ཐོག་མར་བོད་པ་དང་འབྲེལ་བ་བྱུང་ཡོད་པ་དང༌། དེ་ནས་ཁོང་གིས་རྩོམ་པ་པོ་གྲགས་ཅན་ཇོན་ཨེ་ལྦི་ཌན་གྱིས་རྩོམ་བྲིས་གནང་བའི་In Exile from the Land of Snowའམ་བོད་ཡུལ་ནས་བཙན་བྱོལ་དུ་གྱར་ཞེས་ཁ་སྦྱང་དུ་འཁོད་པའི་དེབ་དེ་ལྗགས་ཀློག་གནང་རྗེས་བོད་དོན་སྐོར་མང་པོ་མཁྱེན་རྟོགས་གནང་རྒྱུའི་འདོད་པ་བྱུང་སྟེ་རྡ་རམ་ས་ལར་ཕེབས་པ་ཡིན་ཞེས་གསུངས་བཞག།  དེ་བཞིན་རི་ཆརདྲ་གིཡར་ཡིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཕྲོད་བསྟེན་གྱི་གཞི་ཡུལ་ནང་ཡར་རྒྱས་གང་ལེགས་ཕྱིན་ཡོད་པར་ངོས་འཛིན་གནང་འདུག་ལ། ད་དུང་བོད་པའི་འཐབ་རྩོད་དེ་མུ་མཐུད་གནས་ཐུབ་རྒྱུར་བོད་མི་ཕན་ཚུན་དབར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་རྒྱུའི་སློབ་སྟོན་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org