རྒྱ་ནག་དམངས་གཙོར་འགྱུར་ན་བོད་དོན་དཀའ་རྙོག་སེལ་ཐུབ།

རྒྱ་ནག་མང་གཙོར་འགྱུར་ཐུབ་པ་ཡིན་ན་བོད་ཀྱི་དཀའ་རྙོག་དེ་རང་བཞིན་གྱིས་སེལ་ཐུབ་ཀྱི་ཡོད་པ་ཞིག་གཟིགས་ཀྱི་ཡོད་ཅེས་གསུངས་འདུག

2009.06.17

༄༅༎བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌ་ཡེན་ཕའེན་སི་ཀྲིན་གྱི་སྐུ་ཟླ་རི་ཆ་ཌེ་སྦུ་ལུམ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམ་པ་དང་ལྷན་ཁང་གི་དྲུང་ཆེ་ཆུང་བཅས་པར་བོད་ཀྱི་གནད་དོན་དང་འབྲེལ་བཀའ་སློབ་གནང་པའི་སྐོར་བཙན་བྱོལ་བོད་གཞུང་གི་བོད་ཡིག་དྲ་རྒྱས་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

སྐུ་ཞབས་རི་ཆ་ཌེ་སྦུ་ལུམ་དང་ཁོང་གི་སྐུ་ཟླ་ཌ་ཡེན་ཕའེན་སི་ཀྲིན་ནི་རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་ཁོང་ནས་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་གསུང་བཤད་ཀྱི་ནང་དུའང་ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་སྣང་གནང་མཁན་མང་པོ་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་དང་ཡང་ཁོང་གིས་བོད་ཀྱི་དཀའ་རྙོག་དེ་ག་དུས་སེལ་ཐུབ་མིན་བརྗོད་ཐུབ་ཐབས་དཀའ་ཡང་རྒྱ་ནག་མང་གཙོར་འགྱུར་ཐུབ་པ་ཡིན་ན་བོད་ཀྱི་དཀའ་རྙོག་དེ་རང་བཞིན་གྱིས་སེལ་ཐུབ་ཀྱི་ཡོད་པ་ཞིག་གཟིགས་ཀྱི་ཡོད་ཅེས་གསུངས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎