རྒྱ་གར་དུ་ནེའི་རུའི་ཁྱིམ་རྒྱུད་ཀྱིས་སྲིད་བློན་གྲ་སྒྲིག

རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཚོགས་མི་གཙོ་གྲས་ཤིག་གིས་ར་ཧུལ་གན་རྡི་ད་ཆ་སྲིད་བློན་གནང་རྒྱུར་གྲ་སྒྲིག་ཡོད་པའི་སྐོར་གསུངས་བ།

༄༅༎རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཚོགས་མི་གཙོ་གྲས་ཤིག་གིས་སྲིད་བློན་ནེའེ་རུའི་ཁྱིམ་རྒྱུད་འཛིན་མཁན་ར་ཧུལ་གན་རྡི་ད་ཆ་རྒྱ་གར་གྱི་སྲིད་བློན་གནང་རྒྱུར་གྲ་སྒྲིག་ཡོད་པའི་སྐོར་གསུངས་བཞག།

ད་རེས་གཟའ་མཇུག་དགུང་ལོ་༤༡ལ་ཕེབས་པའི་ལྕམ་སོ་ནི་ཡ་གན་རྡིའི་སྲས་ར་ཧུལ་གན་རྡི་ལ་མ་འོངས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆགས་རྒྱུའི་རེ་བ་ཕྱོགས་མང་པོ་ཞིག་ནས་གནང་གི་ཡོད་ནའང༌། ཁོང་གིས་ད་ཕན་གཞུང་སྲིད་འཛིན་སྐྱོང་ནང་བློན་ཆེན་གྱི་གོ་གནས་མ་བཞེས་པར། གཞུང་འཛིན་ ཀོངྒ་རེསི་ཚོགས་པའི་གཞོན་ནུའི་སྡེ་ཁག་གི་ནུས་པ་གོང་མཐོར་གཏོང་ཐབས་ཁོ་ནའི་ཐོག་ཤུགས་སྐྱོན་ཡོད་པ་རེད།

གཞུང་འཛིན་ཀོངྒ་རེསི་ཚོགས་པའི་དྲུང་ཆེ་དྲིག་ལྦི་ཇེ་སིང་ཡིས་ད་ཆ་ར་ཧུལ་གན་རྡིས་ཡུལ་གྱི་སྲིད་བློན་གནང་རྒྱུའི་དུས་ལ་བབས་ཡོད་སྐོར་ཁ་ས་གསུང་པ་རྒྱ་གར་གྱི་པི་ཀྲི་ཨའེ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org