མཚོ་སྔོན་དུ་འབྲོག་པའི་རྩྭ་ས་བཙན་ཤེད་ཀྱིས་བསྡུ་ལེན།

མཚོ་སྔོན་ཁུལ་འབྲོག་པ་རྣམས་ཀྱི་རྩྭ་ཞིང་བཙན་ཤེད་ཐོག་བསྡུ་ལེན་བྱེད་འཆར་དེས་ས་གནས་ཀྱི་མང་ཚོགས་ཀྱི་འཚོ་རྟེན་ཐོག་དཀའ་ངལ།

2012.02.07

༄༅༎མཚོ་སྔོན་ལྟ་སྐོར་དོ་དམ་ལས་ཁུངས་ཀྱིས་མཚོ་སྔོན་འགྲམ་གྱི་ཧོ་རྫོང་ཅང་ཤེས་ཞང་རྨོག་རུ་སྡེ་པའི་འབྲོག་པ་རྣམས་ཀྱི་རྩྭ་ས་དང་ཞིང་ས་བཙན་ཤེད་ཐོག་བསྡུ་ལེན་བྱེད་འཆར་དེས་ས་གནས་ཀྱི་མང་ཚོགས་ཀྱི་འཚོ་རྟེན་ཐོག་དཀའ་ངལ་འཕར་མ་བཟོས་ཡོད་པ་རེད་                        ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ནང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་བོད་སྐད་ནང་གསེར་ཆེན་རྫོང་ཞེས་འབོད་པའི་ས་གནས་གཞུང་གིས་རྫོང་དེའི་ཅང་ཤེས་ཞང་རྨོག་རུ་སྡེ་གསར་ལ་རྩྭ་ས་བསྡུ་ལེན་གྱི་བརྡ་ལན་ཞིག་བཏང་ནས། སྡེ་པ་དེའི་ས་ཞིང་མུའུ་ཆིག་ཁྲི་ལྔ་བརྒྱ་བསྡུ་ལེན་བྱེད་རྩིས་ཡོད་པ་མ་ཟད་ས་ཆ་དེ་ནས་ཁང་པ་གསར་རྒྱག་དང་ཤིང་སྣ་སོགས་བཏབ་པ་ཡིན་ན་གུན་གསབ་གང་ཡང་ཐོབ་རྒྱུ་མིན་པའི་ས་གནས་གཞུང་གི་བརྡ་ལན་དེའི་ནང་བཀོད་ཡོད་པ་རེད་
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ས་གནས་མང་ཚོགས་ནས་རང་གི་ཕ་མེས་ནས་བདག་པའི་ཞིང་ས་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ལ་ཚོང་འདོད་མེད་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་མཚོ་སྔོན་འཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཟེར་བས་གོང་ཞུས་སྡེ་བ་དེ་ནས་ཨར་ལིང་ཇན་ཡུལ་སྐོར་སྤྲོ་འཆམ་ས་ཁུལ་ཞེས་པ་ཞིག་བཙུགས་ནས་ས་གནས་གཞུང་དང་ཚོང་པ་ངན་པ་ལག་འབྲེལ་བྱས་ནས་ས་གནས་ཀྱི་ཞིང་ས་དང་རྩྭ་ས་བཙན་འཕྲོག་བྱས་རྩིས་བྱས་པར་མང་ཚོགས་དང་དཀའ་རྙོགས་མང་དག་བྱུང་ཡོད་པ་རེད་            ལོ་མང་རིང་ས་གནས་ཀྱི་བོད་པ་དང་སོག་པོ་དེ་བཞིན་རྒྱ་ཁ་ཆེ་སོགས་མང་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དང་རྒྱ་ནག་དབུས་གཞུང་ལ་གཏུགས་བཤེར་རིམ་པ་བྱས་ཀྱང་ད་བར་དོན་འབྲས་སོན་པ་བྱུང་མེད་པ་མ་ཟད་ལོ་ཤས་ནས་ཨེར་ལིང་ཇན་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གིས་འཁོར་ཡུག་ཐོག་སྦག་བཙོག་ཚབས་ཆེ་བཏང་ནས་གད་སྙིགས་དང་ཆུ་བཙོག་མཚོ་སྔོན་པོའི་ནང་བཏང་བཞིན་ཡོད་པ་རེད་               

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎