ཨི་ཇིཔཏ་ནང་མི་མང་ཚོས་གཞུང་ལ་མུ་མཐུད་ངོ་རྒོལ་སྤེལ་བཞིན་པ།
ཨི་ཇབཏ་ནང་མི་མང་ཚོས་གཞུང་ལ་ཉིན་གྲངས་ལྔའི་རིང་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་འདུག
-
2011-01-29 -
-
-
༄༅༎ཨི་ཇབཏ་ནང་མི་མང་ཚོས་ཉིན་གྲངས་ལྔའི་རིང་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཨི་ཇབཏ་ཀྱི་སྲིད་འཛིན་མུ་སྦ་རཀ་ལས་གནས་ནས་དགོངས་ཞུ་བྱ་དགོས་པ་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་མོ་ཧ་མེརྡ་ཨེལ་སྦ་ར་ཌེ་ཡིས་ཕ་རན་སིའི་བརྙན་འཕྲིན་རྒྱུད་ལམ་ཐོག་འགྲེལ་བརྗོད་བྱས་འདུག ཁོང་གིས་སྲིད་འཛིན་མུ་བ་ར་ཡིས་མང་ཚོགས་ཀྱི་བསམ་ཚུལ་ལ་གོ་ལ་ལེན་ཐུབ་མེད་པ་དང་ སྲིད་འཛིན་མུ་སྦ་རཀ་ཡིས་སྲིད་གཞུང་གོ་སྟིང་མ་ལོག་བར་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུང་ཡོད་འདུག སྐུ་ཞབས་ཨེལ་སྦ་ར་ཌེ་ཡིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་པ་མ་ཟད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ནང་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་རྒྱུའི་ལས་འཆར་འགན་འཛིན་གནང་མྱོང་ཡོད་པ་དང་ ཁོང་ད་རེས་ཨི་ཇབ་ནང་ཆེད་ཕེབས་ཀྱིས་ངོ་རྒོལ་ལས་འགུལ་ནང་མཉམ་བཞུགས་གནང་བ་དང་འབྲེལ་ དེ་རིང་གཟའ་སྤེན་པའི་ཉིན་བརྙན་འཕྲིན་བརྒྱུད་ལམ་གྱི་བཅའ་དྲིར་ལན་འདེབས་གནང་བའི་སྐབས་ཨི་ཇབ་ཡུལ་གྱི་མ་འོངས་ལ་འགྱུར་ལྡོག་ཡོང་རྒྱུའི་ཆེད་དེ་རིང་ཁོང་ལས་རོགས་ཚོ་དང་མཉམ་དུ་ལམ་ཁའི་ཐོག་ངོ་རྒོལ་བ་མང་ཚོགས་ཚོ་དང་མཉམ་དུ་ཕེབས་ནས་སྲིད་འཛིན་མུ་བ་ར་ལ་ངེས་པར་དུ་ལས་གནས་ནས་ཕྱིར་ཤོལ་བྱ་དགོས་པའི་མི་མང་གི་འདུན་པ་མཚོན་ཐབས་བྱེད་ཀྱི་ཡོད་ཅེས་གསུངས་འདུག