རྒྱ་ནག་ལྷོ་ཕྱོགས་སུ་ས་ཞིང་བདག་དབང་ཐོག་ངོ་རྒོལ།
རྒྱ་ནག་ལྷོ་ཕྱོགས་ཁུལ་ཞིང་པ་ཚོས་ས་ཞིང་བདག་དབང་གི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ།
-
2011-09-24 -
-
-
༄༅༎རིའུ་ཀྲར་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་ནག་ལྷོ་ཕྱོགས་གོང་དྲོང་ཞིང་ཆེན་གྱི་ལུ་ཕེང་མངའ་ཁུལ་གྱི་ས་གནས་ཁག་ཅིག་གི་ཞིང་པ་ཚོའི་ས་ཆའི་ཐོག་ཚོང་པ་དང་བཟོ་གྲྭ་ཆེ་ཁག་ཚོས་བཙན་བཤེད་ཀྱི་ཐོག་ནས་འཛུགས་སྐྲུན་བྱེད་བཞིན་པ་དེར་ངོ་རྒོལ་སྤེལ་ནས། ད་རིང་ཉིན་གྲངས་བཞི་ཙམ་འགྲོ་ཡོད་འདུག ད་རིང་རེས་གཟའ་སྤེན་པའི་ཉིན་མུ་མཐུད་ནས་ལས་འགུལ་སྤེལ་བ་མ་ཟད་ཞིང་པའི་སྐུ་ཚབ་ལིན་ ཀྲུ་ལེང་ནས། མི་མང་འདུ་འཛོམས་ཐོག་གཏམ་བཤད་སྤེལ་བའི་ནང་། ཁ་གཏད་བཅོག་རྒྱུར་ཞིང་པ་ཚོར་གོ་ལག་ཆ་གང་ཡང་མེད་པའི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་རེད། ཡིན་ནའང་ང་ཚོ་སོ་སོའི་འཚོ་བའི་རྟེན་གཞི་དང་། གྲོང་གསེབ་ཀྱི་ས་ཆ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད་ཅེས་འགྲེལ་བརྗོད་བྱེད་འདུག ཁོང་ཚོས་གཞུང་གི་ལས་བྱེད་ཚོས་ས་ཞིང་འདེབས་སའི་ས་ཆ་རྣམས་ཚོང་པ་ཆེ་ཁག་དང་བཟོ་གྲྭ་འཛུགས་སྐྲུན་བྱེད་མཁན་ཚོར་སྤྲོ་སྐྱིད་དང་། བཟོ་གྲྭ་རྒྱབ་ཡུལ་ཆེད་བཙན་བཤེད་ཀྱི་ཚོང་བསྒྱུར་བྱེད་ཀྱི་ཡོད་ལུགས་ཉེས་བཙུགས་བྱེད་ཀྱི་ཡོད་འདུག།