༧གོང་ས་མཆོག་གི་ཞི་བའི་ཐབས་ལམ་ལ་བསྔཌ་བརྗོད།

ཨ་རིའི་སྲིད་འཛིན་གྱིས་༸གོང་ས་མཆོག་མཇལ་འཕྲད་གནང་བ་དེ་རྒྱུན་གཏན་གྱི་བྱ་གཞག་ཅིག་དང་དོན་དངོས་མཇུག་འབྲས་མེད་ལུགས།

2011.07.18

༄༅༎རྒྱ་ནག་གིས་སླར་ཡང་རེས་གཟའ་ཟླ་བ་ཉིན་ཁ་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་གྱི་ཕོ་བྲང་དུ་མཇལ་འཕྲད་གནང་བ་དེར་སྐྱོན་བརྗོད་དྲག་པོ་བྱས་ཀྱང་དེའི་ཐོག་ཁ་གཏད་ཀྱི་བྱ་སྤྱོད་རིགས་ལག་ལེན་བསྟར་འཆར་མེད་པའི་བརྡ་བཏོན་བྱས་ཡོད་པ་རེད་ ཁ་ཉིན་རེས་གཟའ་སྤེན་པ་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གོང་ས་མཆོག་སྲིད་འཛིན་གྱི་ཕོ་བྲང་དུ་གདན་འདྲེན་ཞུས་ནས་སྐར་མ་ ༤༥ རིང་མཇལ་མོལ་གནང་ནས་༧གོང་ས་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཞི་བའི་ཐབས་ལམ་ཕྱག་ལེན་བསྟར་གནང་བ་དེར་བསྔགས་བརྗོད་གནང་ཡང་ཨ་མི་རི་ཀའི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་སྐོར་བསྐྱར་བརྗོད་གནང་ཡོད་པ་རེད་ རྒྱ་ནག་གཞུང་གིས་གཉེར་བའི་Global Timesཞེས་པའི་གསར་ཤོག་དེའི་ནང་གནས་ཚུལ་བཀོད་གསལ་ལ་སྤྱིར་བཏང་ཐོག་རྒྱ་མིའི་ངོས་ནས་ཡིད་ཆེས་བྱེད་སྟངས་དེ་ནི་ཨ་མི་རི་ཀའི་གཞུང་གིས་དཔོན་རིགས་རྣམས་ཀྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུ་དེ་ཨ་མི་རི་ཀའི་ནང་གི་ལྟ་བ་མཁྲེགས་འཛིན་བྱེད་མཁན་རྣམས་ཀྱི་འདོད་བློ་འགེངས་རྒྱུ་དང་དེ་མིན་ཡུལ་གཉིས་བར་མཐུན་མིན་གྱི་གནད་དོན་ཁག་ཐོག་མི་འདོད་པའི་རྣམ་འགྱུར་བཏོན་ཆེད་བྱས་པ་ཞིག་རེད་ཅེས་གསར་ཤོག་དེའི་ནང་གནས་ཚུལ་བཀོད་ཡོད་པ་རེད་ ཡང་གསར་ཤོག་དེའི་ནང་ཏཱ་ལའི་བླ་མ་ནི་ནུབ་ཕྱོགས་ཡུལ་ཁག་གིས་རྒྱ་ནག་ལ་ཐུ་ཤར་གཅིག་རྒྱབ་པ་དང་འདྲ་མཚུངས་ཡིན་སྐོར་གོང་ཞུས་གསར་ཤོག་དེའི་རྩོམ་བྲིས་པའི་རྩོམ་བྲིས་ནང་བཀོད་ཡོད་པ་རེད་ ཨ་མི་རི་ཀའི་ཁེལེར་མོནཏ་མེ་ཀེ་ན་ཞེས་པའི་མཐོ་སློབ་གི་སློབ་དཔོན་མིན་ཤིན་ཕེ་ཡིས་སྲིད་འཛིན་ཨོ་སྦ་མཆོག་གིས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་གནང་བ་དེ་རྒྱུན་གཏན་གྱི་བྱ་གཞག་ཅིག་ཆགས་ཀྱི་ཡོད་པ་དང་དེར་དོན་དངོས་ཐོག་མཇུག་འབྲས་གང་ཡང་ཡོང་རྒྱུ་མིན་སྐོར་དང་རྒྱ་མི་རྣམས་དངོས་ཡོད་གནས་སྟངས་ལ་བལྟ་ཤེས་མཁན་ཞིག་ཡིན་སྟབས་ཨོ་སྦ་མ་དང་གོང་ས་མཆོག་གི་མཇལ་འཕྲད་དེ་མཚོན་དོན་ཙམ་ཞིག་ཡིན་པ་གོ་དོན་རྟོག་གི་ཡོད་པ་རེད་ཅེས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎