པ་ཀིསྟན་གྱི་སྲིད་འཛིན་ཟུར་པ་འཇུ་བཟུང་དགོས་པའི་བཀའ་རྒྱ།

པ་ཀིསྟན་གྱི་དམིགས་བསལ་ཁྲིམས་ཁང་ཞིག་ནས་སྲིད་འཛིན་ཟུར་པ་པར་ལྦེཛ་མུ་ཤ་རཕ་འཇུ་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་སྐོར།

༄༅༎ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་བཅིུས་པའི་ནང་པ་ཀིསྟན་གྱི་སྲིད་བློན་ཟུར་པ་ལྕམ་སྦེ་ན་ཛིར་སྦུ་ཊོ་རྐྱེན་འདས་སུ་བཏང་པའི་དོན་རྐྱེན་དང་འབྲེལ་སྟེ་པ་ཀིསྟན་གྱི་འཇིགས་བསྐུལ་དྲག་སྤྱོད་པར་གདོང་ལེན་བྱ་མཁན་གྱི་དམིགས་བསལ་ཁྲིམས་ཁང་ཞིག་ནས་ཡུལ་དེའི་སྲིད་འཛིན་ཟུར་པ་པར་ལྦེཛ་མུ་ཤ་རཕ་འཇུ་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་གཟའ་སྤེན་པའི་ཉིན་མུ་ཤ་རཕ་གྱི་མགྲིན་ཚབ་པ་ཞིག་གིས་བརྗོད་འདུག

གཞི་རྐང་པ་ཀིསྟན་ཕྱི་ལོ་༡༩༤༧ལོར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པ་ནས་བཟུང་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོའི་རིགས་མང་པོ་ཞིག་བྱུང་བའི་ཁོངས་ནས་སྦེ་ན་ཛིར་སྦུ་ཊོ་རྐྱེན་འདས་སུ་བཏང་པའི་དོན་རྐྱེན་དེ་གནས་ཚུལ་ཆེ་ཤོས་ཞིག་ཆགས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org