རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་འགྲིག་ལས་འཆར་སླར་གསོའི་རེ་བ།

པ་ཀི་སི་ཐན་དང་རྒྱ་གར་ཡུལ་གཉིས་ཀྱི་ཞི་འགྲིག་གི་ལས་འཆར་མཇུག་སྐྱོང་ལ་གནས་སྐབས་དོ་ཕོག་ཅུང་ཙམ་བྱུང་ཡོད་ལུགས་པ་ཀི་སི་ཐན་ནས་བརྗོད།

༄༅༎པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་ད་རེས་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ལ་བྱུང་བའི་དྲག་སྤྱོད་པའི་དྲག་རྒོལ་གྱི་དོན་རྐྱེན་དེས་ཡུལ་གཉིས་ཀྱི་ཞི་འགྲིག་གི་ལས་འཆར་མཇུག་སྐྱོང་ལ་གནས་སྐབས་དོ་ཕོག་ཅུང་ཙམ་བྱུང་ཡོད་ནའང་རྨང་གཞིའི་འབྲེལ་ལམ་དེ་གང་མགྱོགས་སླར་གསོ་ཐུབ་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་ཡོད་པ་རེད།

རྒྱ་གར་གཞུང་གིས་ད་རེས་མུམ་སྦའེ་གྲོང་ཁྱེར་ལ་དྲག་རྒོལ་བརྩམས་མཁན་གྱི་དྲག་སྤྱོད་པ་རྣམས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ལཤེ་ཀར་ཨེ་ཏོའེ་སྦ་ཞེས་པའི་དྲག་སྤྱོད་ཚོགས་པའི་ཚོགས་མི་ཡིན་པ་གསུངས་ཀྱི་ཡོད་པ་དང་པ་ཀི་སི་ཐན་གཞུང་གིས་དྲག་སྤྱོད་ཚོགས་ཁག་དེའི་རྟེན་གཞི་མེད་པ་མ་བཟོས་བར་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོའི་ལས་དོན་རྣམས་རྒྱུན་ལྡན་ལྟར་མཇུག་སྐྱོང་ཐུབ་ཐབས་དཀའ་སྐོར་གསུངས་ཡོད་པ་རེད།

པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཤའ་མེ་མུརྡ་ཁུ་རེ་ཤི་ཡིས་དྲག་སྤྱོད་པའི་དཀའ་ངལ་བཟོས་པའི་གནས་ཚུལ་སྟབས་མི་ལེགས་པ་དེས་ཡུལ་གཉིས་ཀྱི་འབྲེལ་བར་གནས་སྐབས་དོ་ཕོག་ཅིག་བྱུང་ཡོད་ནའང་པ་ཀི་སི་ཐན་རྒྱལ་ཁབ་ལ་ཁྱིམ་མཚེས་ཡུལ་ཁག་གི་ལྷན་འབྲེལ་བ་ཡག་པོ་ཞིག་དགོས་ཀྱི་ཡོད་པར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ངའི་ལས་འགན་ཆགས་ཡོད་ཅེས་ཁོང་གི་རྒྱ་གར་ལྷན་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org