བལ་ཡུལ་ནང་མི་དམངས་བཞི་སྟོང་ལྷག་ནས་གྲོམ་བགྲོས་གནང་བ།

བལ་ཡུལ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཞི་སྟོང་ལྷག་གིས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་གོམ་བགྲོས་གནང་བ།

༄༅༎རེས་གཟའ་ཟླ་བའི་ཉིིན་བལ་ཡུལ་གྱི་ས་གནས་ནང་པའི་དགེ་འདུན་པ་བོད་དོན་རྒྱབ་སྐྱོར་གནང་མཁན་མི་དམངས་བཅུ་གྲངས་ཤིག་

གཙོས་པའི་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བཅས་མི་དམངས་བཞི་སྟོང་ལྷག་གིས་བོད་ནང་གི་བོད་མིའི་ཐོག་རྒྱ་ནག་གཞུང་གིས་

མུ་མཐུད་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་མཚོན་ཐབས་ཀྱིས་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་ས་ཝ་ཡང་སྦུ་ཞེས་པའི་གློའི་དགོན་པ་

ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བར་གོམ་བགྲོས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

ལས་འགུལ་དེ་ནི་རྒྱ་ནག་གཞུང་གི་དྲག་གནོན་དེའི་འོག་བོད་མི་རྐྱེན་འདས་སུ་ཕྱིན་ཏེ་ཉིན་གྲངས་ ༤༩ འཁོར་བའི་ཉི་མོར་བཙན་བྱོལ་བོད་གཞུང་དམངས་ཛ་དྲག་ཚོགས་ཆུང་གིས་གོ་སྒྲིག་གནང་སྟེ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་

བཙན་བྱོལ་བོད་མི་ཡོངས་ཀྱིས་ལས་འགུལ་སྤེལ་བ་ཞིག་ཡིན་ཞིང་། དེ་ཉིན་བལ་ཡུལ་ནང་གི་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་དེའི་ནང་གཞུང་གི་ལས་བྱེད་པ་དང་། དགེ་འདུན་པ། བཙུན་མ། མི་དམངས། སློབ་ཕྲུག་སོགས་ལོ་ན་རྒན་གཞོན་དར་གསུམ་ཚང་མས་མཉམ་ཞུགས་གནང་སྟེ་ལག་ཏུ་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་

མཉམ་བསྐྱེད་ཡོད་ཅེས་པའི་བརྗོད་ཚིག་འདྲ་མིན་བྲིས་པའི་རས་དར་དང་བོད་ཀྱི་རྒྱལ་དར། མར་མེ་བསྣམས་ཏེ་ཚོུད་གསུམ་རིང་ཀོ་ལོ་མི་ཊར་༡༢ཙམ་གོམ་བགྲོས་གནང་སྟེ་བར་ལམ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་ཏེ་

དམར་གསོད་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་དང་ལྷག་པར་དུ་བཙོན་འཇུག་བྱས་པའི་བོད་མི་རྣམས་གློད་འགྲོལ་ཡོང་ཐབས་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་འཕྲལ་དུ་ནུས་པ་

ཐོན་པའི་བྱ་ཐབས་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org