རྒྱ་ནག་ཨོལིམ་པིཀ་ཡི་སྐབས་དྲག་སྤྱོད་པས་རྒོལ་འཛིང་གཏང་སྲིད་པ།
རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་སྐབས་ཨལ་ཀའི་ཌྰ་གཙོས་པའི་རྒྱལ་སྤྱིའི་འཇིཊ་སྐུལ་དྲག་སྤྱོད་པས་རྒོལ་འཛིང་གཏང་སྲིད་པ་གསུངས་འདུག
-
2008-04-25 -
-
-
༄༅༎རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་སྐབས་ཨལ་ཀའི་ཌྰ་གཙོས་པའི་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་
ཁག་གིས་དྲག་པོའི་རྒོལ་འཛིང་གཏང་སྲིད་པའི་ཉེན་ཁ་ཡོད་པའི་སྐོར་བཤད་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་སྲུང་སྐྱོབ་ལས་དོན་མཉམ་ལས་བྱ་ཕྱོགས་ཐད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གི་ཐོག རོ་ནལ་ཌ་ ནོ་བལ་ ཡིས་གསུངས་པར། ཉེ་བའི་ལོ་འགའ་ཤས་དེའི་ནང་འཇིགས་སྐུལ་རིང་ལུགས་པས་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་མགྲོན་བདག་བྱས་མཁན་རྒྱལ་ཁབ་ཁག་ལ་དངོས་གནས་ཀྱི་རྒོལ་འཛིང་བཏང་སྲིད་པ་དང་དངོས་ཡོད་ཀྱི་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང༌། དེ་མ་ཟད་ཉེ་བའི་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཀྱིས་རྐྱེན་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་དེ་རྣམས། རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་རྩེད་འགྲན་ ཨོ་ལིམ་པིཀ་ ལྟ་བུར་ཚབས་ཆེའི་དཀའ་རྙོག་འཕར་མ་ཞིག་ཡིན་པ་གསལ་པོ་ཡིན་པ་རེད།་ ལྷག་པར་དུ་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་མཉམ་ཞུགས་བྱ་མཁན་གྱི་རྩེད་འགྲན་པ་དང་བལྟ་མོ་བལྟ་བར་བསྐྱོད་མཁན་ཚོས་རྩེད་འགྲན་དངོས་གཞི་སྐབས་དྲག་པོའི་རྒོལ་འཛིང་གཏང་སྲིད་པའི་ཉེན་ཁའིི་གནས་སྟངས་ཡོད་པ་སེམས་ནང་གྲ་སྒྲིག་དང་དེ་ལྟ་བུའི་དོན་རྐྱེན་བྱུང་ཚེ་མི་སྒེར་དང་ཚོགས་པ་སོ་སོའི་འགན་ཡོངས་རྫོགས་འཁུར་དགོས་པ་དང༌། དཔེར་ན་རྩེད་འགྲན་སྐབས་འགྲིམས་འགྲུལ་གྱི་འགྲོ་ལམ་ཆེ་ཁག་བཀག་འགོག་བྱེད་པ་དང་། ཡང་ན་རྩེད་འགྲན་ནང་ཐེ་ཇུས་བྱེད་པ། དྲག་པོའི་བྱ་སྤྱོད་ཡང་སྤེལ་ཏེ་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔོན་རིགས་དང་ལས་བྱེད་པའམ་ཡང་ན་རྩེད་འགྲན་པ་རྐྱེན་འདས་སུ་འགྲོ་སྲིད་པ་དང་། རྒྱུ་དངོས་གཏོར་སྐྱོན་འགྲོ་སྲིད་པའི་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་བདེ་འཇགས་ཆེད་ཟླ་བ་རྗེས་མ་ནས་གནམ་གྲུའི་ནང་འགྲིམས་འགྲུལ་བྱ་མཁན་གྱི་འགྲུལ་པ་མི་རེ་རེ་ཅ་ལག་དོ་པོ་གཅིག་ལས་མང་བ་འཁྱེར་མི་ཆོག་པའི་དམ་དྲག་བྱ་རྒྱུ་ཡིན་འདུག།