རྒྱལ་ས་ལྷ་སའི་ནང་ཨོ་ལིམ་པིག་གི་དཔལ་འབར་བརྒྱུད་སྤྲོད་བྱས་པ།

བོད་ཀྱི་རྒྱལ་ས་ལྷ་སར་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཏེ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱས་ཡོད་པ་རེད།

༄༅༎བོད་ཀྱི་རྒྱལ་ས་ལྷ་སར་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཏེ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱས་ཡོད་པ་དང་ བརྒྱུད་སྤྲོད་སྐབས་བོད་ཀྱི་ཁྱད་ཆོས་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་རྣམ་པ་མཚོན་ཐུབ་པའི་དགེ་འདུན་པ་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་ རྒྱ་གཞུང་གི་ཡིད་ཆེས་ཡོད་པའི་མི་ཁག་ཅིག་ལས་རྒྱ་ཆེའི་བོད་རིགས་མི་མང་རྣམས་རང་རང་གི་ཁྱིམ་ཚང་ནས་ཕྱིར་ཐོན་བཅུག་མེད་ལུགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་འདུག

འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སར་གནས་པའི་མི་སྣར་ཞལ་པར་ཐོག་འབྲེལ་བ་ཞུས་ཏེ་གོང་ཞུས་གསར་འགོད་གསལ་བསྒྲགས་དངོས་བདེན་ཡིན་པ་ར་སྤྲོད་ཐུབ་བྱུང་ ཡང་བོད་ཀྱི་སྐྱེ་རྒུ་མདོ་བོ་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་ཛོང་ནང་རྒྱ་ནག་གུང་གྲན་ཏང་གི་རྒྱལ་དར་མར་ཕབ་ནས་ བོད་ཀྱི་རྒྱལ་དར་གསུམ་སྒྲེང་འཛུགས་གནང་འདུག་པ་མ་ཟད་ བོད་དོན་དང་འབྲེལ་བའི་སྦྱར་ཡིག་མང་པོ་ཁ་ས་ཚན་ལ་སྦྱར་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་ ཁམས་དཀར་མཛེས་ཁུལ་དུ་དགེ་འདུན་པ་གཙོ་འགྱུར་གྱི་ངོ་རྒོལ་དོན་རྐྱེན་ཁག་བྱུང་བ་མ་ཟད་ རྒྱལ་ས་ལྷ་སའི་ཉེ་འདབས་སུ་ཆགས་པའི་འབྲས་སྤུངས་དང་ སེ་ར་གཉིས་སུ་ཡང་མེ་མདའ་སྒྲ་ཐོས་པའི་གནས་ཚུལ་བྱུང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org