བྱང་ཀོ་རི་ཡའི་འགོ་ཁྲིད་གསར་པ་གདེམས་བསྐོ་བྱེད་འཆར།

བྱང་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་བསྡུ་བསྐོང་བྱས་པའི་ཐོག་ཡུལ་དེའི་འགོ་ཁྲིད་གསར་པ་འདེམས་བསྐོ་བྱ་རྩིས་ཡོད་སྐོར།

༄༅༎བྱང་ཀོ་རི་ཡའི་གཞུང་འཛིན་དམར་ཤོག་ཚོགས་པས་རིང་མིན་ཕྱི་ཟླ་དགུ་པའི་ནང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་བསྡུ་སྐོང་བྱས་པའི་ཐོག་ཡུལ་དེའི་འགོ་ཁྲིད་གསར་པ་འདེམས་བསྐོ་བྱ་རྩིས་ཡོད་སྐོར་དེ་རིང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།

གོས་ཞུས་ཀྱི་ཚོགས་འདུ་དེ་ནི་། དེ་སྔོན་༡༩༤༨ལོར་དམར་ཤོག་རྒྱལ་ཁབ་བྱང་ཀོ་རི་ཡ་བཙུགས་པ་ནས་བཟུང་གཞུང་འཛིན་ལས་རྩོལ་མི་སྣའི་ཚོགས་པས་ཚོགས་འདུ་ཚུགས་པ་ཐེངས་གསུམ་པ་དེ་ཆགས་རྒྱུ་ཡིན་པ་རེད།

ཚོས་འདུ་དེའི་ཐོག་བྱང་ཀོ་རི་ཡའི་མ་འོངས་འགོ་ཁྲིད་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་པ་དང༌། ཐག་གཅོད་དེ་བཞིན་ལས་རྩོལ་ཚོགས་པའི་དབུས་རྒྱུན་ལས་ཀྱི་བྱས་པ་ཞིག་ཡིན་པའི་སྐོར་ཀེ་སི་ཨེན་ཨེ་གསར་ལས་ཁང་གིས་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org