ཨ་རིའི་སྲིད་འཛིན་གྱི་གསུང་བཤད་ནང་བོད་དོན་གླེང་རྒྱུ་མིན་སྐོར།

ཨ་མི་རི་ཀའི་སྲིད་འཛིན་མཆོག་གི་རེས་གཟའ་སྤེན་པའི་གསུང་བཤད་ནང་བོད་ཀྱི་གནད་དོན་སྐོར་གསུང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

2009.11.13

༄༅༎ཨ་མི་རི་ཀའི་སྲིད་འཛིན་མཆོག་གི་རེས་གཟའ་སྤེན་པའི་གསུང་བཤད་ནང་བོད་ཀྱི་གནད་དོན་སྐོར་གསུང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨེ་ཤེ་ཡའི་ཡུལ་གྲུ་བཞིའི་ནང་གི་རྒྱལ་དོན་འཚམས་གཟིགས་ཉི་ཧོང་ནས་དབུ་བཙུགས་གནང་ཡོད་ཅིང་ཁོང་གི་མཛད་རིམ་གྱི་ཉིན་གཉིས་པ་རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་ཨེ་ཤེ་ཡའི་ཐོག་འཛིན་རྒྱུའི་སྲིད་བྱུས་ཀྱི་ནང་དོན་ཡོད་པའི་གསུང་བཤད་གཞི་རྒྱ་ཆེན་པོ་ཞིག་གནང་རྒྱུ་ཡིན་པ་རེད་འདུག

འོན་ཀྱང་སྲིད་འཛིན་ཨོ་སྦ་མ་མཆོག་གི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྦེན་རོདྲ་སི་ཡིས་འགྲེལ་བརྗོད་གནང་དོན་ལྟར་ན་ཨ་མི་རི་ཀའི་སྲིད་འཛིན་མཆོག་གི་གསུང་བཤད་དེའི་ནང་བོད་ཀྱི་གནད་དོན་སྐོར་གསུང་རྒྱུ་མིན་པའི་འགྲེལ་བརྗོད་གནང་འདུག

ཡིན་ནའང་ཨ་མི་རི་ཀའི་ངོས་ནས་འགྲོ་བ་མི་ཚང་མར་ཐོབ་ཐང་དང་རང་དབང་གི་ཐོག་གནས་དགོས་པའི་ཐོག་འགན་འཁྲི་ཡོད་པ་དེ་ནན་བརྗོད་གནང་གི་ཡོད་པའི་སྐོར་སྲིད་འཛིན་གྱི་སློབ་སྟོན་པ་དེ་ཉིད་ཀྱིས་གསལ་བཤད་གནང་འདུག འོན་ཀྱང་ཨ་མི་རི་ཀའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་རྣམས་ལྷན་དུ་བོད་ཀྱི་གནད་དོན་སྐོར་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་པའི་སྐོར་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་གིས་ནན་བརྗོད་གནང་ཡོད་པ་རེད།

བོད་ནང་དུ་གནས་པའི་བོད་མི་རྣམས་ཀྱིས་ཀྱང་ཨ་མི་རི་ཀའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་དབུ་ཁྲིད་རྣམས་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་གྲོས་མོལ་གནང་རྒྱུའི་རེ་འདུན་གནང་གི་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎