ཨ་རིའི་སྲིད་འཛིན་ཨོ་བཱ་མའི་སློབ་སྟོན་པ་བཞུགས་སྒར་དུ་ཕེབས།
ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་བཱ་མ་ཡི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་བཀའ་བློན་ཁྲི་པ་མཆོག་མཇལ་འཛོམས་གནང་བ།
-
2009-09-13 -
-
-
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་བཱ་མ་ཡི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་འབྱོར་གྱིས་དེ་རིང་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་མཇལ་འཛོམས་གནང་ཡོད་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ལྕམ་ལྦེ་ལ་རི་ཇ་རེཏ་ཡིས་དབུ་འཁྲིད་པའི་ཨ་མི་རི་ཀའི་སྐུ་ཚབ་གསུམ་དེ་རིང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་མཇལ་འཕྲད་གྲུབ་པ་དང་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་འཕྲད་གནང་གི་ཡོད་པའི་གནས་ཚུལ་སྐོར་ས་གནས་ཀྱི་དཔོན་རིགས་ནས་གསུང་ཡོད་པ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་མ་ཟད་ད་དུང་ས་གནས་དཔོན་རིགས་ཀྱིས་ད་རེས་ཀྱི་མཇལ་འཛོམས་དེའི་ནང་དུ་ཨ་མི་རི་ཀའི་སྐུ་ཚབ་གསུམ་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་བཅས་དུས་ཡུན་ཚོུད་གཅིག་རིང་བཀའ་མོལ་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་བའི་གནས་ཚུལ་ལས་དུས་ཡུན་ཚོུད་གཅིག་རིང་ལ་ནང་དོན་ག་རེའི་ཐོག་བཀའ་བསྡུར་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད།