བྱང་ཀོ་རི་ཡའི་དཔོན་རིགས་བརྗེ་བཤོལ།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྱིས་རང་ཉིད་ཀྱི་བུ་ཆུང་བར་དབང་ཆ་རྩིས་སྤྲོད་བྱ་རྒྱུའི་ཆེད་དཔོན་རིགས་བརྗེ་བཤོལ་གྱི་ཐག་གཅོད།

2010.06.07

༄༅༎བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྱིས་རང་ཉིད་ཀྱི་བུ་ཆུང་བར་དབང་ཆ་རྩིས་སྤྲོད་བྱ་རྒྱུའི་ཆེད་བྱང་ཀོ་རི་ཡའི་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་རེའི་ལྷན་ཚོགས་སུ་ཚོགས་བཞུགས་ཀྱིས་གྲོས་ཚོགས་ཐོག་དཔོན་རིགས་བརྗེ་བཤོལ་གྱི་ཐག་གཅོད་ཕྱིར་བསྒྲགས་བྱས་ཡོད་པ་དང་ བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྱིས་གྲོས་གཞི་བཏོན་པ་བཞིན་ཀིམ་ཇོང་ཨིལ་གྱི་གཅུང་མོའི་མག་པོ་ཇང་སོང་ཐེཀ་བྱང་ཀོ་རི་ཡའི་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད་པ་དང་ བྱང་ཀོ་རི་ཡའི་རྒྱལ་ཡོངས་སྲུང་སྐྱོབ་ལས་ཁང་དེ་བཞིན་བྱང་ཀོ་རི་ཡའི་དབང་ཆའི་ལྟེ་གནས་ཤིག་ཡིན་ཞིང་ བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་ཁོང་རང་ལྷན་ཁང་དེའི་འགན་འཛིན་གྱི་གོ་གནས་འཛིན་གྱི་ཡོད་པ་རེད་

ད་རེས་བྱང་ཀོ་རི་ཡའི་མི་མང་འཐུས་ཚོགས་ཐོག་དཔོན་རིགས་བརྗེ་བཤོལ་གྱི་གནད་དོན་དེ་ནི་རང་ལོ་༦༨ལ་སླེབས་པའི་བྱང་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ཀིམ་ཇོང་ཨིལ་གྱིས་རང་ཉིད་ཀྱི་དབང་ཆ་བུ་ཆུང་བར་རྩིས་སྤྲོད་བྱ་རྒྱུའི་བརྒྱུད་རིམ་ཞིག་ཡིན་པ་དང་ གལ་སྲིད་ཀིམ་ཇོང་ཨིལ་འདས་གྲོངས་སུ་ཕྱིན་ཚེ་གསར་དུ་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་པའི་ཇང་སོང་ཐེཀ་ཡིས་ཀིམ་ཇོང་ཨིལ་གྱི་བུ་ཆུང་བས་དངོས་སུ་དབང་ཆ་རྩིས་ལེན་མ་ཐུབ་པར་སྲིད་སྐྱོང་བྱེད་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད་ ཡིན་ནའི་བྱང་ཀོ་རི་ཡའི་གཞུང་གིས་དེ་ནི་རྒྱུན་ལྡན་གྱི་དཔོན་རིགས་བརྗེ་བཤོལ་བྱས་པ་ཞིག་ལས་ཆེས་མཐོའི་དཔོན་རིགས་ཀྱི་དབང་ཆ་རྩིས་སྤྲོད་ཟེར་བ་དང་འབྲེལ་བ་གང་ཡང་མེད་ལུགས་བརྗོད་པའི་སྐོར་བྱང་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡདོ་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎