ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུ་བཞུགས་གནང་རྒྱུ།

ད་ལོར་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟཊ་འབུལ་བཞེས་མཛད་ནས་མི་ལོ་༢༥་འཁོར་བའི་དམིཊ་བསལ་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།

ཕྱི་ལོ་༡༩༨༩ཟླ་༡༢ཚེས་༡༠ཉིན་༧གོང་ས་མཆོག་གིས་ནོ་བེལ་གཟེངས་རྟགས་བཞེས་སྐབས། དྲ་བཤུས

ད་ལོར་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟཊ་འབུལ་བཞེས་མཛད་ནས་མི་ལོ་༢༥་འཁོར་བའི་དམིཊ་བསལ་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།
དེ་ཡང་ཕྱི་ལོ་༡༩༨༩ཟླ་༡༢ཚེས་༡༠ཉིན་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ལོ་དེའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་གནང་ཡོད་པ་རེད། དེ་ནི་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་སྤེལ་དང་དེང་སྐབས་རྩོད་རྙོག་དེ་དག་འཚེ་བ་མེད་པའི་ལམ་ནས་སེལ་ཐབས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད་གཟེངས་རྟགས་དེ་འབུལ་ལམ་ཞུས་གནང་ཡོད་པ་རེད། འདི་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུམ་ལམ་ཞུས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་ཡོད་སྟབས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དབུ་ཁྲིད་པའི་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོར་བཞུགས་སྒར་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བོར་གྱུར་བའི་གཞུང་འབྲེལ་འབངས་བཅས་ཚང་འཛོམས་ཐོག་དམིགས་བསལ་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད། མཛད་སྒོའི་ཉིན་བཙན་བྱོལ་ནང་གི་བྱུང་བ་བརྗོད་པ་ཞེས་པའི་དཔེ་དེབ་ཅིག་དང་། ༧གོང་ས་མཆོག་གི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་གཙོས་༧གོང་ས་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྲིད་སྐྱོང་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་གྱི་གྲོགས་པོ་ཁག་གཅིག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱིས་རྩོམ་བྲིས་ཞུས་པའི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ཆེན་མོ་མཆོག་ལ་བསྟོད་པ་ཞེས་པའི་དབྱིན་ཡིག་གི་དཔེ་དེབ་སོགས་མངའ་སྡེའི་བློན་ཆེན་མཆོག་གིས་དབུ་འབྱེད་གནང་རྒྱུ་ཡིན་ལུགས་སོགས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་གསལ་བསྒྲགས་གནང་འདུག

གསར་འགོད་དབྱངས་སྒྲོལ།

ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སིད་ནི་ནང་ཡོད་པའི་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་འདི་ལོའི་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་སྔ་དང་མི་འདྲ་བ་སྲུང་བརྩི་བྱ་རྒྱུ་ཡིན་པའི་སྐོར། འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགསཀ་ྱིས་བཏང་བའི་གནས་ཚུལ་གཤམ་ལ་གསན་རོགས༎

 

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ཡིས་བཏང་བར་གསན་རོགས་ཞུ༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org