གྲྭ་དགུ་གར་སོང་ཆ་མེད།

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དབོན་པོ་དགོན་གྱི་དགེ་འདུན་པ་༩ ད་བར་ག་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅།    །སྔ་ལོ་ཕྱི་ཟླ་༡༠པའི་ནང་རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་དབོན་པོ་ཡུལ་དགོན་གཉིས་ནས་སེར་སྐྱ་མང་ཚོགས་གྲངས་༢༧ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དུས་དེ་ནས་བཟུང་དབོན་པོ་དགོན་གྱི་དགེ་འདུན་པ་༩ ད་བར་ག་སོང་ཆ་མེད་དུ་གྱུར་ཡོད་པ་རེད།  ཡུན་རིང་འཚོལ་ཞིབ་བྱས་པའི་བརྒྱུད་ཉེ་ཆར་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཞག་པའི་རོང་བྲག་རྗོང་གི་ཁྲིམས་ཁང་ནང་དགེ་འདུན་པ་ ༦ བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ན་ཡང་། དགེ་འདུན་པ་དགུའི་གྲས་ནས་ལོ་ན་མཐོ་ཤོས་ཡིན་པ་དགོངས་ལོ་༤༧ལ་ཕེབས་པའི་གྲྭ་ཆོས་དར་ལགས་ཞུ་བ་ཞིག་ཡོད་པ་ཁོང་། གོང་གསལ་དགེ་འདུན་པ་དྲུག་པོ་དེ་དག་དང་མཉམ་དུ་མེད་པ་ཤེས་རྟོགས་ཐུབ་ཡོད་པ་རེད།  དེ་འཕྲོས་ཀྱི་དགེ་འདུན་པ་གཞན་དག་ཚོ་ཡང་གང་དུ་ཡོད་མེད་ད་དུང་ཡང་ཤེས་རྟོགས་བྱུང་མེད་པ་རེད། ༢༠༡༢ ཟླ་༢ ནང་དབོན་པོ་གྲོང་ཚོའི་སློབ་གྲྭའི་ནང་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཡར་སྒྲེང་འཛུགས་བྱས་པ་དང་ཡིག་ཆ་བཀྲམས་པ་སོགས་ཀྱིས་ཁོང་ཚོ་འཇུ་བཟུང་བྱས་པ་ཞིག་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org