བལ་ཡུལ་གྲོས་ཚོགས་གཟའ་ཉི་མ་ནས་དབུ་འཛུགས་གནང་བ།
བལ་ཡུལ་ནང་དགུན་དུས་ཀྱི་གྲོས་ཚོགས་ཚོགས་དུས་རེས་གཟའ་ཉི་མའི་དབུ་འཛུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
-
2011-01-09 -
-
-
༄༅༎བལ་ཡུལ་ནང་དགུན་དུས་ཀྱི་གྲོས་ཚོགས་ཚོགས་དུས་རེས་གཟའ་ཉི་མའི་དབུ་འཛུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བཞིན་པར་གཞིགས་ན་ འདས་པའི་ཟླ་བ་དྲུག་རིང་བལ་ཡུལ་གྱི་སྲིད་བློན་འོས་འདེམས་ལམ་ལྷོང་མ་བྱུང་བ་དེ་རེ་གཟའ་ཉི་མའི་ཉིན་རྒྱབ་ནས་དབུ་འཛུགས་གནང་བའི་དགུན་དུས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་བསྐྱར་གསོ་གནང་རྒྱུ་ཡིན་འདུག གནས་ཚུལ་ནང་ཐོན་པར་གཞིགས་ནས་གྲོས་ཚོགས་གཙོ་སྐྱོང་བ་སུ་སྦ་ཤེ་ནེམ་ལྦང་གིས་སྲིད་བློན་འོས་འདེམས་ཐེངས་བཅུ་བདུན་པ་གནང་རྒྱུའི་དུས་ཚེས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་ནེ་པལ་ཀོངྒེ་རེསེ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་རམ་ཅནྡར་པའོ་རྡེལ་སྲིད་བློན་གྱི་འོས་གཞིར་བཞེངས་ཕྱོགས་སྐོར་ཐག་གཅོད་གནང་རྒྱུ་ཡིན་འདུག སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་སྔ་ལོ་ཕྱི་ཟླ་དྲུག་པའི་ནང་དགོངས་ཞུ་གནང་བ་བཟུང་ད་བར་སྲིད་བློན་གྱི་འོས་བསྡུ་ཐེངས་བཅུ་དྲུག་བྱས་ཟིན་ཡང་འགྲུབ་འབྲས་སོན་མེད་པ་རེད།