བལ་ཡུལ་གྱི་སྲིད་བློན་རེ་མོས་གནང་རྒྱུའི་དགོངས་ཚུལ་བཏོན་པ།

བལ་ཡུལ་ནང་ད་ཆ་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་དབར་སྲིད་བློན་རེ་མོས་གནང་རྒྱུར་དགོངས་བཞེས་གནང་གི་ཡོད་པའི་གནས་ཚུལ་འདུག

༄༅༎བལ་ཡུལ་ནང་ད་བར་སྲིད་བློན་གྱི་འོས་བསྡུ་ཐེངས་བཅུ་བཞི་གནང་ཡང་ལམ་ལྷོངས་མ་བྱུང་བར་བརྟེན་ད་ཆ་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་དབར་སྲིད་བློན་རེ་མོས་གནང་རྒྱུར་དགོངས་བཞེས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་ནང་འདི་ལོ་ཕྱི་ཟླ་དྲུག་པའི་སྲིད་བློན་མ་དྷལྦ་ཀུ་མར་ནེ་པ་མཆོག་མའོ་དམར་ཤོག་ཚོགས་པའི་གནོན་ཤུགས་འོག་དགོངས་པ་ཞུས་པ་ནས་བཟུང་དབར་གྲོས་ཚོགས་ནང་སྲིད་བློན་གསར་པའི་འོས་བསྡུར་ཐེངས་བཅུ་བཞི་གནང་ཡང་ལམ་ལྷོངས་བྱུང་མེད་པར་བརྟེན་ད་ཆ་ཚོགས་པ་ཚེ་ཤོས་གསུམ་གྱིས་གཞུང་འཛིན་རེ་མོས་གནང་རྒྱུའི་གྲོས་མོལ་གནང་གི་ཡོད་ལུགས་ཀཐ་མན་གྲུ་པོསེཊེ་ཞེས་པའི་དྲ་རྒྱས་གནས་ཚུལ་སྤེལ་འདུག། ལམ་དབུ་མའི་ཐབས་ལམ་དེ་བཞིན་བལ་ཡུལ་གྱི་ཁརྶེཊེ་ ལིཎིན་དམར་ཚོགས་ཆིག་སྒྲིལ་ཚོགས་པས་གྲོས་འཆར་བཏོན་ཡོད་ཀྱང་བར་ལམ་ནས་མའོ་དམར་ཤོག་ཚོགས་པས་ཐབས་ལམ་དེའི་སྐོར་གྲོས་འགོ་མ་བཙུགས་བར་གླེང་སློང་བྱུང་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org