བལ་པོའི་ཉེན་རྟོག་པས་བོད་མི་༣༠འཛིན་བཟུང་བྱས་སྐོར།
བལ་ཡུལ་ནས་བོད་མི་སུམ་བཅུ་ཞིག་བལ་ཡུལ་ནང་བོད་ནང་བསྐྱོད་སྐབས་བལ་པོའི་ཉེན་རྟོག་མི་སྣས་ཁོང་རྣམས་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད་
-
2008-07-28 -
-
-
༄༅༎བལ་ཡུལ་ནས་བོད་མི་༣༠ ཞིག་བལ་ཡུལ་ནང་བོད་ནང་བསྐྱོད་སྐབས་བལ་པོའི་ཉེན་རྟོག་མི་སྣས་ཁོང་རྣམས་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད་
དེ་ཡང་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་ བོད་མི་སྐྱབས་བཅོལ་བ་དེ་དག་རེས་གཟའ་ཉི་མའི་ཉིན་བལ་ཡུལ་དང་བོད་དབར་གྱི་ས་མཚམས་ཇལ་སྦིའིར་ཞེས་པའི་གྲོང་གསེབ་དེ་དང་བལ་ཡུལ་དང་རྒྱ་ནག་གི་མཛའ་གྲོགས་ཟམ་པ་ཞེས་པའི་ཉེ་འཁྲིས་སུ་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད་ བལ་ཡུལ་ནང་གནས་འཁོད་བོད་མི་བཀྲིས་རྡོ་རྗེ་ཟེར་བ་ཞིག་གིས་ཁོང་རྣམས་བོད་ནང་བསྐྱོད་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་ཞིབ་གནང་བར་བསྐྱོད་པ་རེད་ཅེས་གསུང་འདུག བལ་ཡུལ་གྱི་བསྐོར་སྲུང་མི་སྣ་ སུ་རཇ་ཁ་ཏྲི་ཆེ་ཏྲི་ ཞེས་པ་ཞིག་གིས་འཛིན་བཟུང་བྱས་པའི་བོད་མི་ ༣༠ དེ་དག་རྒྱལ་ས་ཀཐ་མན་དྲུར་བསྐྱེལ་འདྲེན་གནང་རྒྱུ་དང་ཁོང་རྣམས་ཕྱི་མི་གཞིས་སྤོས་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུ་ཡིན་སྐོར་གསུང་འདུག ཉེ་སྔོན་ཡང་བལ་པོའི་བསྐོར་སྲུང་བས་བོད་མི་ ༤༢ ཞིག་བོད་ནང་བསྐྱོད་རྒྱུའི་ལས་འགུལ་དེར་དམ་བསྒྲགས་བྱས་ཡོད་པ་རེད་
དེ་སྔོན་ཕྱི་ཟླ་༣པའི་ནང་བོད་ས་ཡོངས་རྫོགས་ཐོག་བོད་མིའི་ཞི་བའི་ངོ་རྒོལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པ་དེར་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱུན་མཐུད་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་