བལ་ཡུལ་གཞུང་གིས་བོད་མི་གཉིས་གློད་བཀྲོལ་བཏང་བ།
བོད་རིགས་སྐལ་བཟང་དང་བཀྲིས་ཟླ་བ་གཉིས་གློད་བཀྲོལ་བཏང་ཡོད་ནའང་ད་དུང་བལ་ཡུལ་གཞུང་གིས་ཡང་ཡང་འདྲི་རྩད་སོགས་བྱེད་ཀྱི་ཡོད་པ།
-
2010-09-25 -
-
-
༄༅༎ཉེ་སྔོན་སྤྱི་ལོ་༢༠༡༠སྤྱི་ཟླ་༨ཚེས་༢༩་ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་རིགས་སྐལ་བཟང་དང༌བཀྲིས་ཟླ་བ་གཉིས་ཀྱི་སྡོད་གནས་ནས་འཇུ་བཟུང་བྱས་ཏེ་སྡོད་ཁྱིམ་བསྔོག་བཤེར་རྒྱབ་སྟེ་བཀག་ཉར་བྱས་ཡོད་པ་རེད།
ཁོང་གཉིས་བཀག་ཉར་གྱི་རིང་ཁྲིམས་རྩོད་ཞུ་གཏུགས་བྱེད་རོགས་གནང་མཁན་ཤེས་རབ་ལགས་སོགས་ཀྱིས་ཁོང་གཉིས་གློད་འགྲོལ་ཡོང་བའི་ཐབས་ཤེས་གང་ཡོང་བྱས་ཡོད་པ་དང་དེ་རྗེས་སྤྱི་ཟླ་༩ཚེས་༢༣ཉིན་བོད་རིགས་སྐལ་བཟང་དང་བཀྲིས་ཟླ་བ་གཉིས་གློད་བཀྲོལ་བཏང་ཡོད་ནའང་ད་དུང་བལ་ཡུལ་གཞུང་གིས་ཡང་ཡང་འདྲི་རྩད་སོགས་བྱེད་ཀྱི་ཡོད་པ་རེད།།