བལ་ཡུལ་ནང་གཞུང་སྲ་བརྟན་ཞིག་འཛུགས་མི་ཐུབ་པའི་དཀའ་ངལ།
རྩ་ཁྲིམས་དང་མངའ་སྡེ་ཁག་གི་མིང་གསར་བཟོ་བྱ་རྒྱུ་དང་ས་མཚམས་དབྱེར་ཐིག་བཟོ་རྒྱུ་སོགས་ཀྱི་ལས་དོན་མང་དག་ཅིག་ཐོག་འོས་བསྡུ་བྱ་རྒྱུ།
-
2012-05-28 -
-
-
༄༅༎བལ་ཡུལ་ནང་སྤྱི་ལོ་༢༠༠༨་ལོར་ཆེད་བཙུགས་བྱས་པའི་ཚོགས་པ་མང་པོ་མཉམ་རུབ་ཀྱི་གཞུང་འཛིན་དེས་བལ་ཡུལ་ནང་མི་རིགས་འདྲ་མིན་མང་པོ་ཡོད་པའི་གཞུང་དེའི་གནས་སྟངས་བརྟན་ལྷིང་བཟོ་ཆེད། བལ་ཡལ་གཞུང་གི་སྲིད་དོན་ཚོགས་པའི་དབུ་ཁྲིད་ཚོས་རྩ་ཁྲིམས་གསར་བཟོ་བྱ་རྒྱུ་དང་མངའ་སྡེ་ཁག་གི་མིང་གསར་བཟོ་བྱ་རྒྱུ་དང་ས་མཚམས་དབྱེར་ཐིག་བཟོ་རྒྱུ་སོགས་ཀྱི་ལས་དོན་མང་དག་ཅིག་ཡོད་པ་དེ་དག་ཐག་གཅོད་བྱ་རྒྱུའི་དུས་བཀག་བཟོས་པ་དེ་ལས་ཡོལ་ཏེ། ད་ཆ་སླར་ཡང་འོས་བསྡུ་བྱ་རྒྱུའི་གནད་དོན་དེའི་ཐད་ཐུག་ཡོད་པ་དེར་བལ་ཡུལ་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་གིས་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་པ་རེད།
བལ་ཡུལ་ནང་དེ་སྔོན་སྤྱི་ལོ་༡༩༩༦་ནས་སྤྱི་ལོ་༢༠༠༦་བར་རྒྱལ་ནང་དམག་འཁྲུགས་ཀྱིས་རྐྱེན་པས་ཡུལ་མི་༡༦༠༠༠་ཙམ་འཐབ་འཁྲུག་གནས་སྟངས་འོག་སྲོག་སྐྱོན་བྱུང་ཡོད་པ་དང་། དེའང་བལ་ཡུལ་གྱི་མའོའི་དྲག་པོའི་དཔུང་དམག་དང་གཞུང་གི་དམག་མིའི་དབར་དམག་འཁྲུགས་བྱུང་ཡོད་ཀྱང་རྗེས་སུ་དམག་འཁྲུགས་མཚམས་འཇོག་རྗེས་བལ་ཡུལ་ནང་ད་བར་གཞུང་སྲ་བརྟན་ཞིག་འཛུགས་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།