རྒྱ་ནག་གི་སྲིད་བློན་ཕེབས་སྐབས་བརྒྱུད་ལམ་ཐོག་དམ་བསྒྲགས།

རྒྱ་ནག་གི་སྲིད་བློན་བལ་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་སྐབས་གསར་འགོད་ཆོག་མཆན་གནང་འཆར་མེད་པ་དེ་ནི་ཁོང་ཁྲོ་སློང་གཞི།

༄༅༎རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་བལ་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་སྐབས་བལ་ཡུལ་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་མི་གྲངས་གསུམ་ལ་མ་གཏོགས་གསར་འགོད་ཆོག་མཆན་གནང་འཆར་མེད་ལུགས་བལ་ཡུལ་གཞུང་གི་གསལ་བསྒྲགས་གནང་བར་བརྟེན་བལ་ཡུལ་གསར་འགོད་པའི་ཚོགས་སྡེར་ཁོང་ཁྲོ་སློང་གཞིར་གྱུར་འདུག ཕྱི་ཟླ་༡༢་པའི་ཚེས་༢༠་ནས་འགོ་བཙུགས་ཏེ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་བལ་ཡུལ་ནང་གཞུང་དོན་ཕྱོགས་ཕེབས་གནང་སྐབས་གཞུང་འབྲེལ་གསར་འགོད་པ་གསུམ་ལྷག་ལ་གཞུང་གིས་གསར་འགོད་བྱེད་ཆོག་པའི་བཀའ་འཁྲོལ་གཏོང་འཆར་མེད་ལུགས་གསལ་བསྒྲགས་གནང་བ་ནི་བློ་ཚབས་སྐྱེ་གཞིར་འགྱུར་འདུག་ཅེས་བལ་ཡུལ་གསར་འགོད་པའི་སྡེ་ཚོགས་ཀྱི་ཚོགས་གཙོ་ཤིལྦ་གོན་ལེ་ཡིས་གསུངས་འདུག དེ་ལྟར་བྱས་པ་ཡིན་ན།གསར་འགྱུར་བརྒྱུད་ལམ་མང་པོར་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་བྲལ་རྒྱུ་ཡིན་ངེས་པ་རེད་ཅེས་ཁོང་གིས་མུ་མཐུད་གསུངས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org