མའོའི་དམག་མི་བལ་ཡུལ་གཞུང་ལ་རྩིས་སྤྲོད་བྱས་ཟིན་པ།

བལ་ཡུལ་གྱི་མའོའི་གྱེན་ལོག་ཤོག་ཁག་གི་ཡུལ་དམག་སྟོང་ཕྲག་མང་པོ་དངོས་སུ་བལ་ཡུལ་གཞུང་གི་སྟངས་འཛིན་འོག་བསྡུ་རྒྱུའི་ཆེད་རྩིས་སྤྲོད།

༄༅༎བལ་ཡུལ་གྱི་དེ་སྔའི་མའོའི་གྱེན་ལོག་ཤོག་ཁག་གི་ཡུལ་དམག་སྟོང་ཕྲག་མང་པོ་གཟའ་སྤེན་པའི་ཉིན་དངོས་སུ་བལ་ཡུལ་གཞུང་གི་སྟངས་འཛིན་འོག་བསྡུ་རྒྱུའི་ཆེད་རྩིས་སྤྲོད་ཟིན་འདུག

བལ་ཡུལ་གྱི་བརྙན་འཕྲིན་ཐོག་བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་དང་མའོའི་དམར་ཤོག་ཚོགས་པའི་འགོ་འཁྲིད་པར་ཆན་རྡའི་དབར་ མའོའི་གྱེན་ལོག་ཤོག་ཁག་གི་ཡུལ་དམག་ཆིག་ཁྲི་དགུ་སྟོང་ཙམ་བལ་ཡུལ་གཞུང་གི་འོག་བསྡུ་རྒྱུར་གཉིས་མོས་བྱུང་བའི་གྱེན་རྒྱར་མིང་རྟགས་བཀོད་བཞིན་པ་ཐད་ཀར་རྒྱང་སྲིངས་བྱས་ཡོད་པ་རེད།

ད་ཆ་བལ་ཡུལ་གཞུང་གི་ངོས་ནས་ཡུལ་དམག་དེ་དག་བལ་ཡུལ་གཞུང་གི་བདེ་འཇགས་ལས་དོན་ཚན་པ་ཁག་གི་ནང་ལས་ཀ་སྤྲོད་རྒྱུ་དང་  དེ་བཞིན་ཞི་བའི་སྤྱི་ཚོགས་ཀྱི་ནང་མི་ཚེའི་མདུན་ལམ་འཚོལ་རྒྱུ་སོགས་ཀྱི་ལས་འགན་ལྕི་པོ་མང་པོ་ཞིག་འགྲུབ་ཐབས་བྱེད་དགོས་རྒྱུ་ཡིན་ཞིང་ བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པས་ཡུལ་དམག་དེ་དག་བལ་ཡུལ་གྱི་དམག་ཁོངས་སུ་བསྡུ་དགོས་ལུགས་ནན་བརྗོད་བྱེད་བཞིན་ཡོད་ཀྱང་བལ་ཡུལ་གྱི་དྲག་པོའི་དཔོན་རིགས་ཚོ་དང་བལ་ཡུལ་གཞུང་ཕྱོགས་ནས་གཞུང་གི་དམག་ཁོངས་སུ་ཆབ་སྲིད་ཀྱི་སློབ་གསོ་ཤུགས་ཆེ་ཐེབས་ཟིན་པའི་མི་འཇུག་ཐུབ་ཐབས་མེད་པ་བརྗོད་སྟེ་ མའོའི་དམར་ཤོག་ཚོགས་པའི་དགོས་འདུན་དེར་དངས་ལེན་བྱེད་ཀྱི་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org