བལ་ཡུལ་དུ་བསྐྱོད་རྒྱུར་ཐོངས་མཆན་སྤྲོད་ཀྱི་མེད་པ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བལ་པོའི་གཞུང་ཚབ་ཁང་གིས་བོད་མི་ཚོར་བལ་ཡུལ་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་ཀྱི་མེད་པ།

༄༅༎བོད་ནས་རྒྱ་གར་ནང་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་གྱི་བོད་མི་མང་པོ་ཞིག  བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བལ་པོའི་གཞུང་ཚབ་ཁང་དུ་བལ་ཡུལ་ནང་བསྐྱོད་རྒྱུའི་ཐོངས་མཆན་ལག་འཁྱེར་སྤྲོད་ཀྱི་མེད་པའི་སྐོར་ ཨོ་སི་ཁྲོ་རི་ ཡའི་ནང་ཡོད་པའི་འདི་གའི་གསར་འགོད་པར་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་ཡོད་འདུག 
གོང་ཞུས་བོད་མི་དེས་ ངོ་སྤྲོད་གནང་བའི་ནང་  བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་ནས་ཡིན་པའི་བོད་མི་ཧ་ཅང་མང་པོ་བལ་ཡུལ་ནང་བསྐྱོད་མཆོག་པའི་ཐོངས་མཆན་སྤྲོད་རྒྱུར་སྒུག་ནས་བསྡད་ཡོད་པ་དང་  བལ་ཡུལ་གཞུང་ཚབ་ཁང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག བོད་མི་དེ་དག་ལ་ཐོངས་མཆན་སྤྲོད་ཀྱི་མེད་པ་གསུང་འདུག་
དུས་སང་ཕྱི་ཟླ་དང་པོའི་ཚེས་༡ནས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་སྩལ་གནང་མཛད་ཀྱི་ཡོད་པར་  འཛམ་གླིང་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་སྟོང་ཕྲག་མང་པོ་གསུང་ཆོས་ཞུ་བར་ཕེབས་བཞིན་ཡོད་པ་དང་  ལྷག་པར་དུ་བོད་ནང་ནས་ གསུང་ཆོས་ཞུ་བར་ཕེབས་མཁན་མི་ཉུང་བ་ཞིག་རྒྱ་གར་ཁུལ་དུ་འབྱོར་ཟིན་ཡོད་ཅིང་  ཡིན་ནའི་རྒྱ་གར་དུ་གསུང་ཆོས་ཞུ་བར་བཅར་རྒྱུར་ བོད་ནས་ཕེབས་མཁན་ཚོ་ངེས་པར་དུ་བལ་ཡུལ་བརྒྱུད་ནས་ཕེབས་དགོས་ཀྱི་ཡོད་པར་བརྟེན་ བལ་ཡུལ་ནང་བསྐྱོད་ཆོག་པའི་ཐོངས་མཆན་ཞུ་རྒྱུར་ རྒྱ་ནག་གཞུང་གི་གནོན་ཤུགས་འོག བལ་ཡུལ་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་དང་   ད་དུང་ཡང་བོད་མི་མང་པོ་ཞིག་ཐོངས་མཆན་མ་རགས་པར་་སྒུག་ནས་བསྡད་ཡོད་པའི་སྐོར་དང་  ད་དུང་བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་བོད་མི་ཁོང་གིས་  བོད་ནང་དམ་བསྒྲཌ་བཀག་སྡོམ་མུ་མཐུད་བྱ་མུས་ཡིན་པ་མ་ཟད་  བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་གསར་པ་བརྗེས་པའི་རྗེས་ལ་ཡང་  བོད་ནང་དམ་བསྒྲཌ་བཀག་སྡོམ་གྱི་གནས་སྟངས་དེར་འགྱུར་བ་གང་ཡང་བྱུང་མེད་པའི་སྐོར་ངོ་སྤྲོད་གནང་འདུག།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org