བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་དབུ་བཙུགས་སྐོར།
བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་གནང་མཁན་ཚོགས་མི་དྲུག་ཅུ་ལས་གྲུབ་པའི་ཚོགས་ཆུང་གིས་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་དབུ་བཙུགས།
-
2008-12-17 -
-
-
༄༅༎འདི་ལོའི་ཕྱི་ཟླ་ལྔ་པའི་ནང་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་འོས་འདེམས་ཞུས་པ་རྣམས་ཀྱིས་ཡུལ་དེའི་རྩ་ཁྲིམས་གསར་བཟོ་གནང་དགོས་ཀྱང་སྐབས་དེར་གྲོས་ཚོགས་ནང་ས་མིག་མང་ཤོས་ཐོབ་པའི་མའོའི་གྱེན་ལོག་ཤོག་ཁག་གི་སྲིད་ཚོགས་པ་དང་སྲིད་དོན་ཚོགས་པ་གཞན་ཁག་གི་དབར་མ་མཐུན་པའི་རྩོད་རྙོག་བྱུང་བའི་རྐྱེན་གྱིས་རྩ་ཁྲིམས་གསར་བཟོའི་བརྒྱུད་རིམ་ཕྱིར་འགྱངས་བྱུང་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་པུཤི་པ་ཀ་མལ་རྡ་ཧལ་མཆོག་ནས་ང་ཚོས་རྩ་ཁྲིམས་གསར་བཟོ་དུས་ཐོག་ལ་ཚར་བའི་འགན་ལེན་གྱི་དམངས་གཞི་བཙུགས་ཟིན་སྐོར་ཁ་ས་རྩ་ཁྲིམས་ཟིན་བྲིས་གནང་མཁན་ཚོགས་མི་དྲུག་ཅུ་ལས་གྲུབ་པའི་ཚོགས་ཆུང་གི་ཚོགས་འདུ་དབུ་འབྱེད་གནང་བའི་རྗེས་སུ་གསུངས་འདུག
ཚོགས་ཆུང་དེས་རྩ་ཁྲིམས་ཟིན་བྲིས་དེ་བཞིན་འཐུས་མི་ལྔ་བརྒྱ་དགུ་ཅུ་གོ་བཞི་ཡོད་པའི་བལ་ཡུལ་གྱི་གྲོས་ཚོགས་ནས་བགྲོ་གླེང་མ་གནང་གོང་ཞིབ་ཕྲའི་གནས་ཚུལ་ཁག་གསལ་བཏོན་འཆར་ཡོད་པ་རེད། བལ་ཡུལ་གྱི་གྲོས་ཚོགས་ནས་ཡུལ་གྱི་རྩ་ཁྲིམས་གསར་པ་དེ་བཞིན་ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་བརྒྱད་ཉིན་གསར་བཟོ་ཟིན་རྒྱུར་དུས་ཚོད་ཚད་བཀག་བཟོས་ཡོད་པའི་གནས་ཚུལ་འདུག