ལུས་སེམས་སྲོག་གི་བགྲོ་གླེང་ཚོཌ་ཆེན།
དབུས་སྨན་རྩིས་ཁང་ནས་དྷ་སར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཞིག་དབུ་འཛུགས་གནང་བ།
-
2013-06-26 -
-
-
༄༅༎ཕྱི་ཟླ་༦ཚེས་༢༦རེས་གཟའ་ལྷག་པའི་ཉིན་བོད་ཀྱི་སྨན་རྩིས་ཁང་གིས་བཞུགས་སྒར་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཞིག་དབུ་འཛུགས་གནང་འདུག ཆེན་དེའི་སར་ཡུལ་ལུང་འདྲ་མིན་གྱི་སྨན་པ་དང་ཆེད་ལས་པ་སོགས་མི་གྲངས་༣༠༠ ཙམ་མཉམ་འཛོམས་ཀྱིས།དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་”དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་མཁས་པ་ཌཀ་ཊར་ཨ་རུན་ཀ་པུར་མཆོག་གི་གཙོས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་བཤིས་ལགས་། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་ཚོགས་པ་ཁག་གི་འགན་འཛིན། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་འགན་འཛིན་དང་སྨན་པ་སོགས་ལྷན་འཛོམས་གནང་འདུག། མཛད་སྒོའི་ཐོག་མར་སྐར་མ་ཅིག་རིང་ངག་བཅད་གནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཞུས་ཡོད་པ་དང།དེ་ནས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བགྲོ་གླེང་འཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོདདང་འབྲེལ་བའི་གསུང་བཤད་གནང་སྐབས། ཚོགས་ཆེན་འདིར་བགྲོ་གླེང་གང་གནང་བ་དེ་ལག་ལེན་འཁེལ་ཐབས་སུ་བགྲོ་གླེང་བ་ཡོངས་ནས་སོ་སོའི་བརྗོད་གཞིའི་ཐོག་བསམ་ཚུལ་ལྷུག་པོར་འདོན་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་འདུག།