ལྡི་ལི་ས་གནས་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ།
སྤྱི་འཐུས་༢༠ལྷག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་གནང་བའི་ནང་ལྷན་ཞུགས།
-
2011-11-24 -
-
-
༄༅༎ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གནས་ཞུཌ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་གནང་བའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་རྒྱུན་ལས་རྣམས་དང་ཕྱོཌ་བཞུཌ་སྤྱི་འཐུས་བཅས་སྤྱི་འཐུས་༢༠་ལྷག་ལྷན་བཞུཌ་གནང་འདུག འདི་ལོའི་ཕྱི་ཟླ་༣་པའི་ནང་ནས་བཟུང་བོད་ཀྱི་མདོ་སྨད་ཁུལ་གྱི་བོད་མི་གཞོན་སྐྱེས་༡༡་གིས་རང་གི་སྐུ་ལུས་མེ་མཆོད་ཕུལ་ནས། རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་གྱི་སྲིད་ཇུས་འཛིན་བཞིན་པར་ངོ་རྒོལ་གནང་ཡོད་པ་དང་། ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཆིག་སྒྲིལ། རྒྱབ་སྐྱོར་གནང་ཕྱིར་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གཙོ་བོར་འགྱུར་བའི་ས་གནས་བོད་མི་བརྒྱ་སྐོར་ཞིག་གིས་རྒྱལ་སའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ཉེ་འཁོར་ཏིན་མུར་ཏི་ས་གནས་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་ཚོཌ་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་ལཌ་ཀྱིས། འདི་ག་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར་གསུང་དོན་ལ། རྒྱ་ནག་གཞུང་གིས་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོཌ་དགོས་པའི་སྐད་ཆ་བཤོད་བཞིན་པ་ལྟར་དགོས་ན། བོད་ཀྱི་ཆོས་དང་རིག་གཞུང་བོད་ཀྱི་སྐད་ཡིག་བོད་མི་རིགས་ཀྱི་གོམས་གཤིས་སོགས་ལ་གུས་བརྩི་དང་སྲུང་སྐྱོབ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་བཅོས་བསྒྱུར་བཏང་སྟེ་གུ་ཡངས་གཏོང་དགོས་པ་སོཌ་ཀྱི་དགོས་འདུན་བཏོན་གནང་འདུག།