བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་འདུ་སླར་ཡང་བྱུང་མེད་པ།

བལ་ཡུལ་ཀོང་རེ་སེ་ཚོཌ་པའི་འཐུས་མི་ཚོས་ངོ་རྒོལ་གྱི་ཚུལ་དུ་སླར་ཡང་གྲོས་ཚོཌ་ཀྱི་ཚོཌ་འདུའི་ནང་མཉམ་ཞུཌ་བྱ་རྒྱུ་མིན་ལུགས་གསུངས་འདུག

༄༅༎བལ་ཡུལ་གྱི་ཕྱོགས་འགལ་ཀོང་རེ་སེ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རེས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་ཀྱི་ཚོགས་དུས་སུ་མཉམ་ཞུགས་བྱས་མེད་པ་དང་རེས་གཟའ་ཉི་མའི་ཉིན་འཐུས་མི་ཚོ་ཚོགས་འཛོམས་ཀྱིས་སླར་ཡང་མཉམ་ཞུགས་བྱ་རྒྱུ་མིན་པའི་ཐག་ཆོད་བྱས་ཡོད་ལུགས་དྲ་རྒྱ་ཞིག་ནང་བཀོད་ཡོད་པ་དང་བལ་ཡུལ་ཀོང་རེ་སེ་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ཀྱི་ཚོགས་འདུའི་ནང་མཉམ་ཞུགས་བྱ་རྒྱུ་མིན་ལུགས་གསུངས་དགོས་པའི་རྒྱུ་མཚན་ནི་ད་ལྟའི་གཞུང་འཛིན་གྱི་སྲིད་བློན་པར་ཅན་དེས་དེ་སྔ་ཁས་ལེན་བྱས་པའི་གནད་དོན་དེ་དག་གི་ཐོག་ལག་ལེན་མ་འཁེལ་བའི་ཉེས་བཙུགས་བྱས་ཡོད་པ་རེད།

ཁས་ལེན་བྱས་པའི་གནད་དོན་ཁོངས་སུ་དེ་སྔ་མའོའི་གྱེན་ལོག་ཤོག་ཁག་གིས་ལོ་མང་པོའི་རིང་ཟིང་ཆའི་འོག་བཙན་འཕྲོག་བྱས་པའི་དངོས་རིགས་རྣམས་ཟླ་བ་འདིའི་ཟླ་དཀྱིལ་བར་ཕྱིར་སྤྲོད་ཐུབ་པ་བྱ་རྒྱུ་དང་མའོའི་གྱེན་ལོག་ཤོག་ཁག་གི་གཞོན་ནུའི་ཡན་ལག་ཡོད་པ་དེ་བཞིན་མེད་པ་བཟོ་དགོས་པ་སོགས་གནད་དོན་མང་པོ་ཡོད་པའི་ཁོངས་ནས་དེ་གཉིས་ཚུད་ཡོད་ཀྱང་ད་བར་གནད་དོན་དེ་དག་གི་ཐོག་གང་ཡང་ལག་བསྟར་བྱེད་མེད་པར་བརྟེན་ངོ་རྒོལ་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org