ཉི་ཧོང་མི་མང་ནས་རྒྱ་ནག་ཐད་སྲིད་བྱུས་མཁྲེགས་ཙམ་འཛིན་དགོས་གསུངས།

ཉི་ཧོང་མི་མང་མང་མོས་ཀྱི་ཐོག་ནས་ཉི་ཧོང་གཞུང་གིས་རྒྱ་ནག་ཐད་ སྲིད་བྱུས་དེ་མཁྲེགས་ཙམ་འཛིན་དགོས་པའི་དགོངས་ཚུལ་གསུངས་འདུག

༄༅༎ཉི་ཧོང་མི་མང་གི་བསམ་ཤོག་བསྡུ་ལེན་བྱས་པའི་ནང་ ཉི་ཧོང་མི་མང་

མང་མོས་ཀྱི་ཐོག་ནས་ཉི་ཧོང་གཞུང་གིས་རྒྱ་ནག་ཐད་སྲིད་བྱུས་དེ་མཁྲེགས་ཙམ་འཛིན་

དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད་ དེ་ཡང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་

ཉི་ཧོང་ནང་རྒྱལ་དོན་འཚམས་གཟིགས་ཀྱི་སྔོན་ ཉི་ཧོང་གཞུང་གིས་རྒྱ་ནག་ཐད་སྲིད་བྱུས་

འཛིན་སྟངས་ཀྱི་སྐོར་ལ་ ཟླ་བ་དེའི་ཕྱི་ཚེས་༡ དང་ ༢ ཀྱི་བར་ཉི་ཧོང་རྒྱལ་ཡོངས་སུ་

མི་གྲངས་༡༠༤༢ཙམ་གྱི་བསམ་ཚུལ་བསྡུ་ལེན་བྱས་ཡོད་པར་ དེའི་ནང་མི་མང་བརྒྱ་ཆ་ ༥༡ ནས་ཉི་ཧོང་གིས་རྒྱ་ནག་གི་ཐད་ལ་སྲིད་བྱུས་དེ་མཁྲེགས་ཙམ་འཛིན་དགོས་པའི་དགོངས་ཚུལ་

གསུངས་ཡོད་པ་དང་ རྒྱ་ནག་གི་ལྷན་མཛའ་འབྲེལ་གྱི་འབྲེལ་བ་ཉེ་པོ་ཞིག་སྐྱོང་དགོས་པའི་

དགོངས་ཚུལ་གསུངས་མཁན་བརྒྱ་ཆ་ ༢༦ ལས་བྱུང་མེད་སྐོར་ཉི་ཧོང་གི་མཱི་ཡ་ནི་ཆི་ཤིམ་སྦུམ་

ཞེས་པའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད་ མཱི་ཡ་ནི་ཆི་ཤིམ་སྦུམ་

གསར་ཤོག་གིས་གསུངས་ན་ ཉི་ཧོང་མི་མང་གིས་རྒྱ་ནག་གི་ཐད་བསམ་ཚུལ་དེ་ནི་ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྐོར་

འཁྱོག་བཤད་བྱེད་བཞིན་པའི་གནད་དོན་དང་ དེ་བཞིན་རྒྱ་ནག་ནས་ནང་འདྲེན་བྱས་པའི་

བཟའ་ཆའི་རིགས་ལ་ཉེན་ཁ་ཡོད་པའི་གནད་དོན་བཅས་ལས་ཡོང་གི་ཡོད་པ་ཚོར་སྣང་ངོ་སྤྲོད་

ཐུབ་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org