ཨབ་ག་ནི་སི་ཐན་ནང་འབར་རྫས་དང་མེ་མདའི་གཏོར་རྒོལ་ཕོག

ཨབ་ག་ན་སི་ཐན་གྱི་རྒྱལ་སའི་ལྟེ་གནས་ཁུལ་དུ་འབར་རྫས་དང་མེ་མདའི་གཏོར་རྒོལ་ཕོག་ཡོད་པའི་གནས་ཚུལ།

༄༅༎ཨབ་ག་ན་སི་ཐན་གྱི་རྒྱལ་སའི་ལྟེ་གནས་ཁུལ་དུ་འབར་རྫས་དང་མེ་མདའི་གཏོར་རྒོལ་ཕོག་ཡོད་འདུག་

ཨབ་ག་ནི་སི་ཐན་གྱི་རྒྱལ་ས་ཀ་སྦུལ་གྱི་གྲོང་ཁྱེར་ལྟེ་གནས་སུ་ཕྱི་ཚེས་༡༨ཀྱི་སྔ་དྲོ་འཇིགས་སྐུལ་དྲག་སྤྱོད་པས་རང་སྲོག་བློས་བཏང་ཀྱི་འབར་རྫས་གས་གཏོར་སོགས་ཀྱི་གཏོར་རྒོལ་ཕོག་ནས་ཉུང་ཐར་ཡང་ཐོག་རྩེགས་ཅན་གྱི་གཞུང་ལས་ཁང་ཞིག་ལ་མེ་སྐྱོན་བྱུང་ཡོད་པ་དང་ཐོག་མར་འབར་གས་ཁག་གསུམ་ཙམ་རྒས་མཐོར་བྱུང་བ་དང་དེ་རྗེས་མེ་མདའི་དྲ་གང་ས་ནས་མཐོས་རྒྱུ་ཡོད་ཅིང་ད་རེས་གྲོང་ཁྱེར་ཀ་སྦུལ་ནང་དྲག་པོའི་གཏོར་རྒོལ་ཕོག་ཡས་ཡང་ཉེ་ཆར་ཨ་རིའི་སྲིད་འཛིན་མཆོག་ནས་ཨབ་ག་ནི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པར་གཏོར་རྒོལ་གྱི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་དེར་དམིགས་ནས་ཡིན་ཞིང་ད་རེས་ཀྱི་གཏོར་རྒོལ་དེ་བཞིན་ཉེ་བའི་ལོ་གཅིག་ཙམ་ནང་རྒྱལ་ས་ཀ་སྦུལ་ནང་དྲག་པོའི་གཏོར་རྒོལ་ཕོག་ཡས་ཚབས་ཆེ་ཤོས་ཤིག་ཡིན་པ་རེད་ གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ནས་ཚོུད་བཞི་ཙམ་གྱི་རྗེས་ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་(Hamid Karzai)ཡིས་བདེ་འཇགས་ཀྱི་གནད་དོན་སྟངས་འཛིན་ཐུབ་ཟིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད་ ད་རེས་ཀྱི་དྲག་པོའི་གཏོར་རྒོལ་བྱ་སྤྱོད་སྤེལ་མཁན་ཏ་ལི་སྦན་འཇིགས་སྐྲུལ་དྲག་སྤྱོད་ཤོག་ཁག་གིས་ད་རེས་ཀྱི་གཏོར་རྒོལ་བྱ་སྤྱོད་དེའི་ནང་འཇིགས་སྐུལ་དྲག་སྤྱོད་པ་མི་གྲངས་ཉི་ཤུ་ཙམ་མཉམ་བཞུགས་བྱས་ཡོད་ལུགས་བཤད་ཡོད་པ་དང་ཁོང་ཚོའི་གཏོར་རྒོལ་གྱི་དམིགས་ས་ནི་སྲིད་འཛིན་བཞུགས་གནས་དང་ཁྲིམས་ཁང་སོགས་ཡིན་ལུགས་བཤད་ཡོད་པ་རེད་   གནས་ཚུལ་ནང་འཁོད་པར་གཞིགས་ན་ད་རེས་ཀྱི་གཏོར་རྒོལ་དེའི་ནང་འཇིགས་སྐུལ་དྲག་སྤྱོད་པ་མི་གྲངས་བཞི་རྐྱེན་ལམ་དུ་ཕྱིན་ཡོད་ཅིང་   ཨབ་ག་ནི་སི་ཐན་ནང་ཡོད་པའི་ཨ་རིའི་སྐུ་ཚབ་རི་ཆ་དྲི་ཧོལ་སྦུ་རུཀ་(Richard Holbrooke)གཏོར་རྒོལ་མ་ཕོག་སྔོན་རྒྱ་གར་དུ་ཕེབས་ཐོན་ཟིན་པ་དང་ཁོང་གིས་རྒྱ་གར་གྱི་རྒྱལ་ས་ནིའུ་ལྡི་ལི་ནང་གསུང་པར་གཏོར་རྒོལ་གྱི་བྱ་སྤྱོད་དེ་རིགས་སྤེལ་མཁན་སུ་འདྲ་ཞིག་ཡིན་ཡང་ལམ་ལྷོང་ཡོང་ཐབས་མེད་པ་དང་ཡིན་ནའི་གནད་དོན་དེའི་ཐོག་ནས་ཏ་ལི་སྦན་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་ཤེས་རྟོགས་ཐུབ་པ་ཞིག་ཡིན་ལུགས་གསུངས་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org