ཆར་བཞུད་རྐྱེན་པས་རྒྱ་བོད་དབར་འགྲིམ་འགྲུལ་མཚམས་འཇོག

ཆར་བཞུད་རྐྱེན་པས་རྒྱ་བོད་དབར་འགྲིམ་འགྲུལ་གྱི་གཞུང་ལམ་ཨ་མ་ཞིག་གི་ཆ་ཤས་ཐོར་ཤིག་སོང་སྟེ་འགྲིམ་འགྲུལ་བར་མཚམས་ཆད་ཡོད་པ།

༄༅༎ཆར་བཞུད་རྐྱེན་པས་བོད་དང་རྒྱ་ནག་དབར་འགྲིམ་འགྲུལ་གྱི་གཞུང་ལམ་ཨ་མ་ཞིག་གི་ཆ་ཤས་ཐོར་ཤིག་སོང་སྟེ་ འགྲིམ་འགྲུལ་བར་མཚམས་ཆད་ཡོད་པར་མ་ཟད་ གཞུང་ལམ་སྟེང་གི་སྣུམ་འཁོར་བརྒྱ་ཕྲག་མང་པོ་ཕར་འགྲོ་ཚུར་འོང་མ་ཐུབས་པར་གནས་སྟངས་ཁག་པོའི་ངང་ལུས་ཡོད་པའི་སྐོར་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་སྤེལ་འདུག
རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་བར་ རི་ལི་ལྩགས་ལམ་འཛུགས་བསྐྲུན་མ་བྱས་སྔོན་རྒྱ་ནག་དང་ས་མཐོའི་བོད་དབར་འགྲིམ་འགྲུལ་དང་འབྲེལ་གཏུགས་ཀྱི་གཞུང་ལམ་ཨ་མ་དེ་བཞིན་ རྒྱ་ནག་ལྷ་ནུབ་ཀྱི་སི་ཁྲོན་ཞིང་བརྒྱུད་ས་ཐོག་གི་གཞུང་ལམ་དེ་ཡིན་པ་རེད། གནས་ཚུལ་ནང་གསལ་ལྟར་ན་ རེས་གཟའ་ལྷག་པའི་ཉིན་ཁུལ་དེའི་ནང་ ཆར་བཞུད་ཧ་ཅང་ཆེ་བའི་རྐྱེན་ རྒྱ་ནག་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་སྦོ་མི་ཞེས་པའི་རྗོངས་ཁོངས་སུ་བོད་དང་རྒྱ་ནག་དབར་འབྲེལ་མཐུད་ཀྱི་གཞུང་ལམ་ཐོག་རྒྱང་ཐག་མི་ཀྲར་༥༠ཙམ་གྱི་གཞུང་ལམ་གྱི་ཆ་ཤས་ཞིག་མཐོར་ཕྱིན་ཡོད་འདུག་པ་དང་། སྤྱིར་རྨས་སྐྱོན་ཕོག་པའི་གནས་ཚུལ་གསལ་རྟོགས་མེད་ཀྱང་ གཞུང་ལམ་ཐོར་ཞིག་རྐྱེན་པས་སྣུམ་འཁོར་བརྒྱ་ཕྲག་ལྷག་ཙམ་ཕར་འགྲོ་ཚུར་འོང་བྱེད་ས་མེད་པར་ལུས་ཡོད་པའི་སྐོར་ས་གནས་ཉེན་རྟོགས་མི་སྣས་བརྗོད་པའི་གནས་ཚུལ་ལུང་འདྲེན་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org