བསྟན་འཛིན་གནམ་ཐང་འཛམ་གླིང་གི་གནམ་ཐང་ཉེན་ཁ་ཆེ་གྲས་ཡིན།

བལ་ཡུལ་མཐའ་མཚམས་ལུག་ལྷར་ཡོད་པའི་གནམ་ཐང་དེར་བལ་ཡུལ་གྱི་ས་ཡོམ་རྗེས་དཀའ་ངལ་དང་ཉེན་ཁ་ཇེ་ཆེར་སོང་ཡོད་པ་རེད།

བལ་ཡུལ་མཐའ་མཚམས་ཀྱི་ལུག་ལྷའི་(Lukla)གནམ་ཐང་། ༢༠༡༢ youtube/sam chui

བལ་ཡུལ་མཐའ་མཚམས་ལུག་ལྷར་ཡོད་པའི་གནམ་ཐང་དེར་བལ་ཡུལ་གྱི་ས་ཡོམ་རྗེས་དཀའ་ངལ་དང་ཉེན་ཁ་ཇེ་ཆེར་སོང་ཡོད་པ་རེད།
དེ་ཡང་གངས་རི་ཇོ་མོ་གླང་མའི་རི་གཤམ་དུ་གནམ་ཐོག་ནས་འགྲོ་བསྐྱོད་བྱ་ཡུལ་བལ་ཡུལ་གྱི་Luklaཞེས་པའི་གནམ་ཐང་དེ་ནི་འཛམ་གླིང་ནང་ནས་གནམ་ཐང་ཉེན་ཁ་ཆེ་ཤོས་དེ་ཡིན་པ་དང་། དེའི་ཐོག་འདི་ལོའི་ཕྱི་ཟླ་བཞི་པའི་ནང་བལ་ཡུལ་དུ་ས་ཡོམ་ཤུགས་ཆེ་རྒྱབ་པ་དེས་གནམ་ཐང་དེ་དེ་བས་ཉེན་ཁ་ཆེ་བ་ཆགས་ཡོད་པ་རེད།
གནམ་ཐང་དེ་ནི་ཧ་ཅང་གུ་ཡུལ་དོག་པོ་ཡོད་པའི་ཐོག་དེང་དུས་ཀྱི་འཕྲུལ་ཆས་མེད་པའི་ཆ་ནས་གནམ་གྲུ་འཕུར་རྒྱུ་དང་། བབས་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག ཕྱི་ལོ་༢༠༠༨ལོར་གནམ་ཐང་དེར་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་ནས་མི་གྲངས་༡༨རྐྱེན་འདས་སུ་ཕྱིན་པའི་རྗེས། གནམ་ཐང་དེར་འཛམ་གླིང་ནས་གནམ་ཐང་ཉེན་ཁ་ཆེ་ཤོས་ཞེས་གྲགས་ཀྱི་ཡོད་པ་རེད།
ཟླ་བ་བརྒྱད་ཙམ་གྱི་གོང་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་རྒྱབ་པའི་སྐབས། གངས་རུད་རྒྱབ་ནས་གནམ་ཐང་འགག་ནས་གངས་རིར་འཛེགས་མཁན་དང་། རི་འཛེགས་པ་མི་གྲངས་བརྒྱ་ཕྲག་མང་པོ་གནམ་ཐང་ཆུང་ཆུང་དེའི་ནང་ལྷག་པའི་གནས་ཚུལ་བྱུང་ཡོད་པ་རེད།  
ཐད་འཕུར་གནམ་གྲུ་གཏོང་མཁན་Nischalཞུ་བས་གནམ་ཐང་དེའི་ས་བབས་ཆགས་སྟངས་དང་། གྱེན་ཐུར་གཟར་པོ། དེ་བཞིན་གནམ་གཤིས་ཡང་སེ་འགྱུར་བ་འགྲོ་བཞིན་པ་སོགས་ཀྱི་རྐྱེན་པས་མཚམས་རེ་གནམ་གྲུ་འབབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ལུགས་གསུངས་འདུག
གནམ་ཐང་དེར་Tenzin-Hillaryགནམ་ཐང་ཡང་ཟེར་གྱི་ཡོད་པ་དང་། དེ་ནི་ཇོ་མོ་གླང་མའི་སྟེང་ཐོག་མར་འཛེགས་མཁན་བསྟན་འཛིན་ཤར་པ་དང་། Hillaryལ་ཆེ་བསྟོད་ཞུ་ཆེད་ཡིན་པ་རེད། འོན་ཀྱང་གནམ་ཐང་དེར་གནམ་གྲུ་ག་དུས་ཡོང་དང་ག་པར་ཡོད་མེད་སོགས་ལྟ་ཆེད་ཀྱི་འཕྲུལ་ཆས་མེད་པ་དང་། ད་ལྟའང་སྔ་མོ་བཞིན་གནམ་ཐང་དང་། ཁ་ལོ་བའི་དབར་ཁ་པར་ཐོག་འབྲེལ་བ་བྱེད་དགོས་པའི་གནམ་ཐང་ཞིག་ཡིན་པ་རེད།  

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org